འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་རི་མོ་འཕེལ་རྒྱས་ཀྱི་ལོ་བརྒྱའི་ལམ་བུ་བགྲོ་གླེང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན། ཀྲུང་གོའི་རི་མོ་འཕེལ་རྒྱས་ཀྱི་ལོ་བརྒྱའི་ལམ་བུ་ཞེས་པའི་བགྲོ་གླེང་ཚོགས་འདུ་པེ་ཅིང་ལ་འཚོགས་ཤིང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀུའོ་གཡུན་ཏེ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད་མཁས་པའི་མཐུན་ཚོགས་ཀྱི་བློ་འདྲི་བ་དང་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྲའོ་ཏ་ཀྲེན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་རི་མོ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཏ་ཝུའེ་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་20ལྷག་ཞུགས་ཡོད།
        རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ལོ་བརྒྱའི་ནང་ཀྲུང་གོའི་རི་མོ་དང་འབྲི་ལུགས་གཞན་གྱི་རིགས་པའི་གཞུང་ལུགས་དང་། འབྲི་རྩལ། འབྱུང་བ། དོན་དངོས། འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་སྐོར་སྤེལ་རེས། བགྲོ་གླེང་ཟབ་མོ་བྱས་ཤིང་། རིགས་གཅིག་མཁས་ཅན་གྱིས་ལོ་བརྒྱའི་ནང་ཀྲུང་གོའི་རི་མོར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོ་པོ་བྱས་པ་དང་སྦྲགས་རང་ངོས་ཆེད་ལས་ཀྱི་དམ་འཛིན་བྱ་ཡུལ་དང་ཟུང་དུ་སྦྲེལ་ནས་ཉེ་རབས་དང་དེང་རབས་ཀྱི་ཀྲུང་གོའི་རི་མོར་འཕྲད་པའི་དཀའ་ངལ་དང་འགྲོ་ལམ་ལ་བསྐྱར་ཞིབ་ཀྱིས་སླད་ཕྱིན་ཀྲུང་གོའི་རི་མོའི་ཁ་ཕྱོགས་དང་ལམ་བུར་བསམ་གཞིག་ཀྱང་བྱས་པ་རེད།
         རིགས་གཅིག་མཁས་ཅན་གྱིས་རི་མོའི་རྣམ་པ་དང་རྒྱུ་ཆ་ཕུན་སུམ་ཚོགས་སུ་གཏོང་བ་དང་། དོན་དངོས་ཀྱི་འཚོ་བ་མཚོན་ཐབས་ཇེ་ལེགས་སུ་གཏོང་བ། དམངས་ཚོགས་དབར་རི་མོའི་མཛེས་དཔྱོད་ལྟ་བ་སྤེལ་རེས་བྱ་ཤུགས་ཆེ་རུ་གཏོང་བ། འཛམ་གླིང་ལ་ཕུལ་བྱུང་བརྩམས་བྱ་དང་རི་མོ་མཁས་ཅན་འོས་སྦྱོར་སོགས་ཇི་ལྟར་བྱ་རྒྱུའི་གནད་དོན་ཐད་འབྱུང་འགྱུར་ཀྲུང་གོའི་རི་མོ་འཕེལ་རྒྱས་གཏོང་བའི་ཁྲོད་མུ་མཐུད་ཐག་གཅོད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།