འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་རིན་མི་དགོས་པར་ནད་བལྟས་ཏེ་མི་
    སེམས་ལ་དྲོ་སྐྱིད་སྦྱིན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་རིན་མི་དགོས་པར་ནད་བལྟས་ཏེ་མི་
སེམས་ལ་དྲོ་སྐྱིད་སྦྱིན།
         མི་དམངས་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་གོང་རིམ་ལས་སྒོའི་སྡེ་ཚན་དང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བླང་བྱ་ལྟར། འགན་ཁུར་བ་གཙོ་བོས་རུ་སྣེ་འཁྲིད་དེ། དུས་བཀག་དང་དུས་སྒོ་ངེས་མེད་ཀྱི་སྒོ་ནས་གྲོང་ཚོ་དང་། དགོན་སྡེ། སློབ་གྲྭ་སོགས་སུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ལ་རིན་མི་དགོས་པར་ནད་ལྟ་བའི་བྱེད་སྒོ་སྤེལ་བ་དང་། མང་ཚོགས་ཚོས་རང་ཉིད་ཀྱི་སྒོ་འགྲམ་དུ་རིན་མེད་ནད་ལྟ་ཐུབ་པ་དང་སྨན་བཅོས་ཐུབ་ཅིང་། འདི་ནི་ཉེ་ཆར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་སྨན་པས་གཏེར་སྒྲོམ་དགོན་པའི་བཙུན་མར་གཟུཌ་པོ་བརྟག་དཔྱད་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།