འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།《སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད་》འགྲེམས་སྤེལ་མཛད་སྒོ་པེ་ཅིང་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།《སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད་》འགྲེམས་སྤེལ་མཛད་སྒོ་པེ་ཅིང་དུ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་《སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད་》དེ་ཟླ་11ཚེས་18ཉིན་གྱི་ཕྱི་དྲོར་པེ་ཅིང་གྲོང་ཁྱེར་དུ་འགྲེམས་སྤེལ་མཛད་སྤེལ་བ་རེད།
         སོག་རིགས་མཁས་པ་ཇོ་རི་ཀེ་ཐུ་དང་ཝུ་རི་གེན་སེང་གེ་གཉིས་ཀྱིས་བསྡུ་སྒྲིག་བྱས་པའི་《སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད་》ནི་སྐད་རིགས་མང་འདུས་ཀྱི་བརྩམས་ཆོས་ཆེན་པོ་ཞིག་ཡིན་ཞིང་། ཚིག་མཛོད་པར་མ་ཕུལ་དུ་བྱུང་བ་དེ་མ་དཔེ་བྱས་པ་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ་》གསར་ཤོས་དང་དུས་རབས་རིམ་བྱུང་གི་ཚིག་མཛོད་ཡིག་ཆ་གཉིས་དཔྱད་གཞིར་བཟུང་བས་མིང་ཚིག་སུམ་ཁྲི་ལྷག་ཙམ་འདུས་ཡོད་པ་མ་ཟད། དོན་འགྲེལ་ཡང་ཞིབ་ཕྲ་བྱས་ཡོད་པ་རེད། 
         མི་རིགས་དཔེ་སྐྲུན་ཁང་དང་། མི་རིགས་མཐུན་སྒྲིལ་དུས་དེབ་ཁང་། ཀྲུང་གོ་མི་དམངས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། ནང་སོག་སློབ་ཆེན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སོགས་པའི་མཐོ་སློབ་དང་ལས་ཁུངས་ཀྱི་ཆེད་མཁས་པ་ཚིག་མཛོད་ཀྱི་འགྲེམས་སྤེལ་མཛད་སྒོར་ཞུགས་ཡོད་པ་རེད། 《སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད་》ནི་ནང་དོན་ནམ་ཡང་ན་གཞི་ཁྱོན་གང་གི་ཐད་ནས་ཀྱང་འབྲེལ་ཡོད་ཚིག་མཛོད་ཁྲོད་ཀྱི་སྙིང་བཅུད་གཅིག་བསྡུས་བྱས་པ་མ་ཟད། འབྲེལ་ཡོད་ཁྱབ་ཁོངས་སམ་ཡང་ན་ཆེད་མཁས་པ་དང་སློབ་གཉེར་བྱེད་མཁན་ཚང་མས་རེ་སྒུག་བྱེད་པའི་སློབ་གཉེར་ཡོ་བྱད་གལ་ཆེན་ཞིག་ཀྱང་ཡིན་པས། སོག་རིགས་ཀྱི་ནང་བསྟན་ཡིག་ཚགས་ཞིབ་འཇུག་དང་། སོག་རིགས་ཀྱི་ལོ་རྒྱུས་རིག་གནས་དང་ཤར་ཕྱོགས་རིག་གནས་ཞིབ་འཇུག་བྱེད་པ་སོགས་ལ་དངོས་གཞིའི་རིན་ཐང་ཆེན་པོ་ལྡན་ལུགས་ཚོགས་ཞུགས་མཁས་དབང་ཚང་མ་ལྟ་བ་གཅིག་མཐུན་བྱུང་བ་རེད།
    ༄༅།།《སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད་》འགྲེམས་སྤེལ་མཛད་སྒོ་པེ་ཅིང་དུ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།