འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་འདུ་ཁུན་
    མིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
          མི་དམངས་དྲ་བའི་འཕྲིན། ཞིང་ལས་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་སྐབས་བཅུ་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་འདུ་དང་སྐབས་བཅུ་གཉིས་པའི་ཁུན་མིང་རྒྱལ་སྤྱིའི་ཞིང་ལས་དངོས་མང་སྟོན་ཚོགས་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འཚོག་འགོ་ཚུགས་པ་རེད།
         ད་རེས་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་འདུར“མཁོ་སྤྲོད་སྒྱུར་བཅོས་དང་། ཐོན་ལས་མཉམ་འདྲེས། ལྗང་མདོག་མཉམ་སྤྱོད། གསར་གཏོད་འཕེལ་རྒྱས”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་7ཟིན་པ། འགྲེམས་ཁུལ་46ཡོད་པ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་3000ལྷག་ཙམ་ཞུགས་པ། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཐོན་རྫས་ཁྲི་ལ་ཉེ་བ་ཡོད་པ། རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་ཁྲི་30ལྷག་ཙམ་སླེབས་ཡོད་པ་རེད། དེ་ཉིན་གྱི་གླེང་སྟེགས་ཀྱི་ཐོག་མའི་བྱེད་སྒོ་སྟེ། ཀྲུང་གོ—ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཞིང་ལས་ཚོང་དོན་མཉམ་ལས་གླེང་སྟེགས་བྱེད་སྒོར་ཡོ་རོབ་དབུས་ཤར་དང་། ཨེ་ཤེ་ཡ་ཤར་ལྷོ། ཨེ་ཤེ་ཡ་ལྷོ་མ། དེ་བཞིན་འཇར་མན་དང་། ཧྥ་རན་སེ། ཨོ་སི་ཁྲུ་ལི་ཡ། ཨུ་རུ་སུ། པར་ཙིར་སོགས་རྒྱལ་ཁབ་36གི་ཞིང་ལས་པུའི་པུའུ་ཀྲང་དང་། པུའུ་ཀྲང་གཞོན་པ། སྐུ་མགྲོན་བཅས་ཕེབས་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།