འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུའི་ཞིང་ལས་སློབ་གསོ་ཚན་རྩལ་གསར་གཏོད་མནའ་འབྲེལ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ནུབ་བྱང་ཞིང་ལས་ནགས་ཚལ་ཚན་རྩལ་སློབ་ཆེན་གྱིས་གྲོས་འགོ་བཏོན་པ་དང་། རང་རྒྱལ་དང་། ཨུ་རུ་སུ། ཨེ་ཤེ་ཡ་དབུས་རྒྱུད། ཨེ་ཤེ་ཡ་ལྷོ་རྒྱུད། ཨེ་ཤེ་ཡ་ནུབ་རྒྱུད། ཨ་ཧྥེ་རི་ཁ། ཡོ་རོབ་སོགས་དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་12ཀྱི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་59ཡི་འཐུས་མི་125ཚེས་5ཉིན་ནུབ་བྱང་ཞིང་ལས་ནགས་ཚལ་ཚན་རྩལ་སློབ་ཆེན་དུ་འཛོམས་ནས། 《དབྱང་ལིན་གྱི་བསྒྲགས་གཏམ་》ཐོག་མིང་རྟགས་བཀོད་དེ་མཉམ་དུ་དར་གོས་ལམ་བུའི་ཞིང་ལས་སློབ་གསོ་ཚན་རྩལ་གསར་གཏོད་མནའ་འབྲེལ་འཛུགས་རྒྱུ་དང་འབྲེལ་དེར་ཞུགས་རྒྱུའི་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆི་ཤུས་ཁྲུན་གྱིས་མནའ་འབྲེལ་བཙུགས་པའི་ཚོགས་ཆེན་ལ་ཞུགས་པ་མ་ཟད། གནའ་འབྲེལ་གྱི་སྒོ་བྱང་ཡང་ཕྱེ་གནང་བ་རེད།
         དར་གོས་ལམ་བུའི་ཞིང་ལས་སློབ་གསོ་ཚན་རྩལ་གསར་གཏོད་མནའ་འབྲེལ་ནི་དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཞིང་འབྲེལ་མཐོ་སློབ་དང་། ཚན་ཞིབ་སྒྲིག་གཞི། ཁེ་ལས་བཅས་ཀྱིས་རང་མོས་ངང་ཞུགས་ཤིང་། སྲིད་གཞུང་མིན་པ་དང་ཁེ་བཟང་དོན་དུ་གཉེར་མཁན་མིན་པའི་སྒོ་འབྱེད་རང་བཞིན་དང་རྒྱལ་སྤྱི་ཅན་གྱི་ཕྱོགས་མང་མཉམ་ལས་ལས་སྟེགས་ཤིག་ཡིན་ཞིང་། མནའ་འབྲེལ་དེས“ཞི་བདེ་མཉམ་ལས་དང་། སྒོ་འབྱེད་དཀྱེལ་ཡངས། ཕན་ཚུན་སློབ་སྦྱོང་དང་མིག་དཔེ་ལྟ་བ། གཉིས་ཁེ་གཉིས་ཕན”བཅས་ཀྱི་དམིགས་ཡུལ་དར་སྤེལ་བཏང་ནས་ཁོངས་མིའི་དབར་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རིག་ཞིབ་འཇུག ལག་རྩལ་ཁྱབ་གདལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས། སྲིད་ཇུས་ཞིབ་འཇུག་སོགས་ཀྱི་ཐད་ལ་མཉམ་ལས་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱས་པ་མ་ཟད། མཉམ་ལས་ལས་སྟེགས་སྐྲུན་པ་དང་། མཉམ་ལས་ལམ་སྲོལ་གསར་གཏོད་བྱེད་པ། ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་བརྒྱུད། ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ཞིང་ལས་སློབ་གསོ་ཚན་རྩལ་ཡར་ཐོན་དང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད། 
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།