འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེ་རྒྱལ་ཁབ་ཀྱིས་ཡུལ་འཁྱར་བ་འདུ་འཛོམས་ཁུལ་ཆེ་ཤོས་གཙང་བཤེར་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧྥ་རན་སེ་རྒྱལ་ཁབ་ཀྱིས་ཡུལ་འཁྱར་བ་འདུ་འཛོམས་ཁུལ་ཆེ་ཤོས་གཙང་བཤེར་བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་ཧྥ་རན་སེ་རྒྱལ་ཁབ་སྲིད་གཞུང་གིས་བྱང་རྒྱུད་ཅ་ལའེ་མཚོ་འགག་ཞིང་ཆེན་ཅ་ལའེ་ས་ཁུལ་དུ་ཡོད་པའི་ཡུལ་འཁྱར་བ་འདུ་འཛོམས་ཁུལ་ཆེ་ཤོས་གཙང་བཤེར་བྱེད་འགོ་བརྩམས་པ་དང་། མི་གྲངས་སྟོང་ཕྲག་དུ་མ་ཡོད་པའི་ཡུལ་འཁྱར་བ་ཚོ་གཟའ་འཁོར་གཅིག་ཙམ་གྱི་དུས་ཡུན་ནང་དུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བཙུགས་ཡོད་པའི་སྣེ་ལེན་ལྟེ་གནས་280ལྷག་ཙམ་དུ་ཕྱིན་ཏེ་འཚོ་བ་གསར་པ་སྐྱེལ་འགོ་འཛུགས་རྒྱུ་རེད། ཧྥ་རན་སེ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལྟར་ན། 2013ལོའི་དབྱར་དུས་ནས་བཟུང་སི་རི་ཡ་དང་ཨ་ཧྥུ་ཀ་ནི་སི་ཐན་སོགས་བདེ་འཇགས་གནས་བབ་བརྟན་པོ་མིན་པའི་རྒྱལ་ཁབ་ནས་ཡོང་བའི་ཡུལ་འཁྱར་བ་རྣམས་མཚམས་མ་ཆད་པར་ཅ་ལའེ་རུ་སླེབས་པ་རེད། ཧྥ་རན་སེ་རྒྱལ་ཁབ་སྲིད་གཞུང་གིས་བདེ་སྲུང་དང་། འཇིགས་སྐུལ་ལ་ངོ་རྒོལ། དེ་བཞིན་གནས་སྤོས་ཡུལ་མི་བཀོད་སྒྲིག་སོགས་ཀྱི་གནད་དོན་ལ་གཞིགས་ནས་ཅ་ལའེ་ས་ཁུལ་གྱི་ཡུལ་འཁྱར་བ་འདུ་འཛོམས་ཁུལ་གཙང་བཤེར་བྱ་རྒྱུ་ཐག་བཅད་པ་རེད། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་འཁྱར་བ་ལས་ཁུངས་ཀྱིས་ཧྥ་རན་སེ་རྒྱལ་ཁབ་སྲིད་གཞུང་གི་ཐག་གཅོད་ལ་དགའ་བསུ་ཞུས་ཏེ་ཡུལ་འཁྱར་བ་ཚོ་ངེས་པར་དུ་བདེ་འཁོད་འོས་འཚམས་ཡོང་བར་བྱ་དགོས་ཞེས་ནན་བཤད་བྱས་པ་རེད།
    【1】  【2】  【3】  【4】
    ༄༅།།ཧྥ་རན་སེ་རྒྱལ་ཁབ་ཀྱིས་ཡུལ་འཁྱར་བ་འདུ་འཛོམས་ཁུལ་ཆེ་ཤོས་གཙང་བཤེར་བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།