འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།དྲག་ཆས་ཉེན་རྟོག་རྔ་པ་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་མི་བསད་པའི་དོགས་ཡོད་
    ཉེས་ཅན་ཞིག་འཛིན་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།དྲག་ཆས་ཉེན་རྟོག་རྔ་པ་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་མི་བསད་པའི་དོགས་ཡོད་
ཉེས་ཅན་ཞིག་འཛིན་བཟུང་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་29ཉིན། གསར་འགོད་པས་དྲག་ཆས་ཉེན་རྟོག་གི་སི་ཁྲོན་སྤྱི་ཁྱབ་རུ་ཁག་རྔ་པ་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་སྔོན་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་མེ་མདའ་འཁྱེར་ནས་མི་བསད་པའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཤིང་། ལྔ་བཞི་རྟགས་ཀྱི་མེ་མདའི་འདྲ་བཟོ་གཅིག་དང་མདེའུ་བདུན། རྩམ་པ་ཁུག་མ་གཉིས། ལག་འཁྱེར་ཁ་པར་གཅིག སྒོར་ཁུག་གཅིག་བཅས་རྩིས་ལེན་བྱས་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ཟླ་9ཚེས་22ཉིན་གྱི་ཆུ་ཚོད་17དང་སྐར་མ་55སྟེང་དུ། སི་ཁྲོན་རྔ་པ་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཤང་སྒོ་རུང་གྲོང་ཚོ་ནས་མེ་མདའ་བརྒྱབ་ནས་མི་བསད་པའི་གྱོད་དོན་ཞིག་བྱུང་བ་རེད། ཡུལ་དངོས་ནས་དོན་རྐྱེན་གྱི་བྱུང་རིམ་མཐོང་མཁན་གྱིས་བཤད་དོན། གནོད་ཐེབས་པ་ཨོ་ཆེ་གེ་མོ་(欧某)ནི་ལོ་72ཡིན་པ་དང་ལུས་ཐོག་ཏུ་མདེའུ་གཉིས་ཕོག་ནས་གྲོངས་པ་རེད། གྱོད་དོན་བྱུང་རྗེས། དོགས་ཡོད་ཉེས་ཅན་ཞིས་ཆེ་གེ་མོས་(西某)མེ་མདའ་འཁྱེར་ནས་ས་བབ་མཐོ་ཚད་སྨི་4000ལྷག་ཡོད་པའི་ནགས་ཚལ་ཞིག་ཏུ་བྲོས་བྱོལ་བྱས་པ་རེད། ཟླ་9ཚེས་26ཉིན་གྱི་ཆུ་ཚོད་11དང་སྐར་མ་27སྟེང་དུ། དྲག་ཆས་ཉེན་རྟོག་གི་ཡན་ལག་རུ་ཁག་དེའི་བཀག་འགོག་ལས་འགན་འཁུར་ཡོད་པའི་རུ་འབྲིང་དགུ་བས་རྐྱང་ཚ་ཤང་ཤར་ཕྱོགས་ཀྱི་སྤྱི་ལེ་3ཀྱི་མཚམས་སུ་ཡོད་པའི་ས་མཐོའི་ནགས་ཚལ་ནས་དོགས་ཡོད་ཉེས་ཅན་རྙེད་བྱུང་བ་དང་། དཔོན་དམག་ཚོས་དོགས་ཡོད་ཉེས་ཅན་མཐའ་ནས་བསྐོར་ཏེ་འགྲོ་ས་མེད་པར་བྱས་པ་མ་ཟད། དཔོན་དམག་འགས་མདའ་རིང་གིས་ཚད་ཡོད་པས། དྲག་ཤུགས་ཆེན་པོས་ཟིལ་གནོན་འོག་ཏུ། དོགས་ཡོད་ཉེས་ཅན་གྱིས་ལག་གི་མེ་མདའ་གཡུགས་ནས་འགོ་མི་འཛུལ་ཐབས་མེད་བྱུང་བ་རེད། དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་མྱུར་དུ་དོགས་ཡོད་ཉེས་ཅན་ས་ཐོག་ཏུ་མནན་ཏེ་མདེའུ་གཅིག་ཀྱང་མ་བརླག་པ་དང་མི་གཅིག་ལའང་རྨས་སྐྱོན་མེད་པའི་སྒོ་ནས་ཉེས་ཅན་གསོན་འཛིན་བྱས་པ་རེད། ཡུལ་དངོས་སུ་ལྔ་བཞི་རྟགས་ཀྱི་མེ་མདའི་འདྲ་བཟོ་གཅིག་དང་མདེའུ་བདུན། རྩམ་པ་ཁུག་མ་གཉིས། ལག་འཁྱེར་ཁ་པར་གཅིག སྒོར་ཁུག་གཅིག་བཅས་རྩིས་ལེན་བྱས་པ་རེད། དེ་རྗེས་སུ་དོགས་ཡོད་ཉེས་ཅན་སྤྱི་བདེ་ལས་ཁུངས་སུ་བསྐྱལ་བ་རེད།
         མིག་སྔར། གྱོད་དོན་ད་རུང་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་ཡོད།
    ༄༅།།དྲག་ཆས་ཉེན་རྟོག་རྔ་པ་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་མི་བསད་པའི་དོགས་ཡོད་
ཉེས་ཅན་ཞིག་འཛིན་བཟུང་བྱས་པ།
    ༄༅།།དྲག་ཆས་ཉེན་རྟོག་རྔ་པ་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་མི་བསད་པའི་དོགས་ཡོད་
ཉེས་ཅན་ཞིག་འཛིན་བཟུང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།