འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིའི་ཀྲུང་གོའི་གློག་བརྙན་དུས་ཆེན་སྐབས་དང་པོ་མཇུག་འགྲིལ་བ།

    《ཐར་ལོ་》ཞེས་པར་སྒྲུང་གཏམ་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་4ཡི་དབྱི་ཐ་ལིའི་ཀྲུང་གོའི་གློག་བརྙན་དུས་ཆེན་སྐབས་དང་པོ་ཚེས་18ཉིན་སྨི་ལན་དུ་མཇུག་འགྲིལ་བ་དང་བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་《ཐར་ལོ་》ཞེས་པར་སྒྲུང་གཏམ་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
         དཔྱད་འདེམས་ཨུ་ལྷན་གྱིས་གློག་བརྙན་དེས་ཐུན་མོང་མ་ཡིན་པའི་བརྗོད་བྱ་དང་ལྟ་ཕྱོགས་དང་དེ་བཞིན་བྱང་ཆུབ་ལ་རྩེར་སོན་གྱི་སྐད་ཆའི་ཐོག་ནས་ངོ་མཚར་ཆེ་བའི་ཀྲུང་གོའི་བོད་ལྗོངས་ཀྱི་ས་གཞི་ཆེ་མོ་འདིའི་སྟེང་གི་ཚེ་སྲོག་དང་། ཆགས་ཞེན། བརྩེ་དུང་བཅས་མཚོན་པར་བྱས་པའི་ངོས་འཛིན་བྱས་པ་རེད།
         ལེང་ཅ་ཧུའེ་སོགས་ཀྱིས་འཁྲབ་སྟོན་པ་གཙོ་བོ་བྱས་པའི་དྲག་རྩལ་གློག་བརྙན་《འཁྱགས་རོམ་ཁྲོད་ལག་དམར་བ་དེད་པ་》ཞེས་པས་སྒྱུ་རྩལ་གྱི་ཉམས་འགྱུར་དང་ཚོང་ལས་ཀྱི་ཁྱད་རྟགས་མཉམ་འདྲེས་བྱེད་པའི་ཐད་འཚོལ་ཞིབ་ནུས་ལྡན་བྱས་ཏེ་ལྟད་མོ་བས་དགའ་ཤོས་བྱེད་པའི་གློག་བརྙན་དུ་གྱུར་པར་བརྟེན་དཔྱད་འདེམས་ཨུ་ལྷན་གྱིས་དེར་ཆེད་མངགས“དཔྱད་འདེམས་ཨུ་ལྷན་གྱི་དམིགས་བསལ་བྱ་དགའ”བཀོད་སྒྲིག་བྱས་པ་རེད།
         《མུན་པའི་ཁྲོད་ཅི་ཞིག་ཡོད་དམ་》ཞེས་པའི་འཁྲབ་ཁྲིད་པ་ཝང་དབྱི་ཁྲུན་ལ་འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
         ཡན་ཉིའི་ཡིས་《གནས་སྤོ་》ཞེས་པའི་ནང་འཁྲབ་སྟོན་རྩེ་གྲ་བྱས་སྟབས་བུད་མེད་གཙོ་འཁྲབ་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་《ཐང་རྒྱལ་རབས་ཀྱི་ཞོན་ཙང་》ཞེས་པའི་ནང་གི་འཁྲབ་སྟོན་པ་ཧོང་ཞའོ་མིང་ལ་གཙོ་འཁྲབ་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
         ཀྲུང་གོའི་སློབ་གླིང་གི་རྐང་རྩེད་སྤོ་ལོའི་ཉམས་འགྱུར་མངོན་པའི་《ཀྲུང་གོའི་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་》ལ་དངོས་གཞིའི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།