འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ས་མཐོའི་ལུས་རྩལ་ཐོན་ལས་འབྲེལ་ཐག་གང་མགྱོགས་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ནུབ་རྒྱུད་ཀྱི་འཕེལ་རྒྱས་འགྲོ་འགོར་བའི་ཞིང་ཆེན་གྲས་ཤིག་ཡིན་པའི་ངོས་ནས་མཚོ་སྔོན་ཞིང་ཆེན་གྱིས་ལུས་རྩལ་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་མཐོང་ཆེན་བྱས་ནས། མིག་སྔར་བྱ་ཐབས་སྣ་མང་བརྒྱུད་ས་མཐོའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་བྱུང་།
         ཀྲང་ཉིང་གིས་ལུས་རྩལ་འགྲན་བསྡུར་དེ་ལུས་རྩལ་འཛད་སྤྱོད་ཡར་སྐུལ་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་དང་རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་གྱི་རིམ་འདས་འགྲན་སློང་འགྲན་བསྡུར་སོགས་རྒྱལ་སྤྱིའི་སྤུས་རྟགས་ཀྱི་འགྲན་བསྡུར་8བརྒྱུད་མཚོ་སྐོར་འགྲན་བསྡུར་རབ་དང་རིམ་པའི་སྤུས་རྟགས་འགྲན་བསྡུར་གཙོ་བོར་བྱས་པའི་མང་ཚོགས་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས། རིག་གནས། ཡུལ་སྐོར། ཚོང་དོན། ཚན་རྩལ་སོགས་ཁྱབ་ཁོངས་མཉམ་འདྲེས་འཕེལ་རྒྱས་ཀྱི“མཚོ་སྐོར་རྣམ་པ”ལག་ལེན་བསྟར་བས་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་ཐེབས་ཡོད། དེ་མིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མ་དངུལ་འགན་ལེན་ལེགས་སུ་བཏང་སྟེ་སྲིད་གཞུང་གིས་ལོ་རེར་ལུས་རྩལ་ཐོན་ལས་ལ་མ་དངུལ་སྒོར་ཁྲི་3000བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་པ་དེ་དག་ལུས་རྩལ་ཐོན་ལས་དང་དཔལ་འབྱོར་གྱི་དངོས་ཚན་ལ་རྒྱབ་སྐྱོར་བྱེད་པའི་ཐད་གཙོ་གནད་ཐོག་སྤྱོད་རྒྱུ་རེད། དེ་དང་དུས་མཚུངས་མི་རིགས་ལུས་རྩལ་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་མིག་སྔར་མཚོ་སྔོན་མདའ་བཞི་ཚོ་པའི་རྐང་འཁོར་བཞོན་པའི་རྟེན་གཞི་དང་། འཇའ་ཚོན་རོགས་རེས་ཚོ་པ། བྱེ་ཐང་ཆེན་པོ་སོགས་ཀྱི་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་ཆེ་རུ་དང་རྒྱ་སྟོབས་ཆེ་རུ་བཏང་ནས་ས་མཐོའི་ལུས་རྩལ་ཐོན་ལས་ཁྱབ་ཁོངས་ཀྱི་སྣེ་ཁྲིད་མཁན་དུ་གྱུར་ཡོད་ཅེས་བཤད་པ་རེད།
         མདའ་བཞི་ཚོ་པ་ནི་མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་རྐང་འཁོར་བཞོན་པའི་སྤྲོ་གསེང་རྟེན་གཞི་ཆེ་གྲས་ཡིན་པ་དང་། རྟེན་གཞི་དེའི་འགན་འཁུར་བ་བློ་བཟང་རྒྱ་མཚོས་ད་ཆ་ལུས་རྩལ་གྱིས་མཚོ་སྐོར་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པས། སླད་ཕྱིན་རྟེན་གཞིས་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་རྒྱལ་སྤྱིའི་རྐང་འཁོར་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་རྒྱལ་སྤྱིའི་རྐང་འཁོར་འགྲན་ར་འཛུགས་སྐྲུན་བྱས་ཏེ་ལུས་རྩལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་ཁྲིད་ཐུབ་པ་བྱ་རྒྱུ་རེད་ཅེས་བཤད་པ་རེད།
         འགྲན་བསྡུར་རིགས་ཀྱི་ལུས་རྩལ་དང་སྤྱི་དམངས་ལུས་རྩལ་ལ་དགའ་པོ་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དེས། ཆེད་ལས་སྦྱོང་བརྡར་རྟེན་གཞི་ཁག་གཅིག་གིས་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁོར་ཡུག་གསར་པ་མཁོ་འདོན་བྱས་ཡོད། མཚོ་སྔོན་ཞིང་ཆེན་མདོ་པ་ས་མཐོའི་སྦྱོང་བརྡར་རྟེན་གཞིའི་ཀྲུའུ་རེན་ལིའུ་ཤིང་ཧའེ་ཡིས་སླད་ཕྱིན་རྟེན་གཞིས་འགྲན་བསྡུར་ཐོན་ལས་དེ་ཉིད་གྲུབ་ཆ་གལ་ཆེན་དུ་བརྩིས་ནས་ད་ཆ་རྟེན་གཞིའི་ཕྱོགས་བསྡུས་ཁང་འཁྱག་སྦྱོང་ལྟེ་གནས་སུ་སྒྱུར་བཀོད་རྒྱས་སྐྲུན་བྱེད་བཞིན་ཡོད། འདི་ལོ་བསྐྲུན་རྗེས་རྒྱལ་སྤྱིའི་རང་བཞིན་གྱི་འཁྱགས་ལྟིར་འགྲན་བསྡུར་གཉེར་རྩིས་ཡོད། དེ་དང་དུས་མཚུངས་རྒྱལ་ཁབ་ཀྱི་མི་དུང་ཕྱུར་3གངས་འཁྱག་ལུས་རྩལ་ནང་ཞུགས་པའི་དགོས་མཁོ་སྐོང་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།