འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་ཀྲོའུ་ཡིས་མི་རིགས་ས་ཁུལ་གྱི“ཚེ་གང་སློབ་ཁྲིད་དཔེ་བཟང”དགེ་རྒན་
    ལ་བྱ་དགའ་སྒོར་ཁྲི་10སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་གིས་ལས་འཁྱུར་ངལ་གསོ་རྒྱག་མཁན་དགེ་རྒན་7ལ“རྔ་པ་ཀྲོའུ་ཡི་ཚེ་གང་སློབ་ཁྲིད་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་སྤྲད་པ་དང་དུས་མཚུངས་མི་རེར་བྱ་དགའ་སྒོར་ཁྲི་10རེ(ཁྲལ་འཇལ་ཟིན་རྗེས)སྤྲད་པ་རེད།
         2012ལོར་ཁྱབ་བསྒྲགས་བྱས་པའི《རྔ་པ་ཀྲོའུ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་དགེ་རྒན་གྱིས་ཚེ་གང་སློབ་ཁྲིད་བྱ་རྒྱུར་སྐུལ་མ་གཏོང་བའི་བྱ་དགའ་སྤྲོད་པའི་བྱེད་ཐབས》གཞིར་བཟུང་རྔ་པ་ཀྲོའུ་ཡི་སློབ་གྲྭ་འབྲིང་ཆུང་དཀྱུས་མ་དང་། ལས་རིགས་སློབ་གྲྭ བུ་བཅོལ་ཁང་བཅས་སུ་དགེ་རྒན་བྱས་ནས་ལོ་30ཕྱིན་པ་མ་ཟད། ད་དུང་སློབ་ཁྲིད་བྱེད་རིང་ཀྲོའུ་རིམ་པ་དང་དེ་ཡན་གྱི་གཟེངས་བསྟོད་ཐེངས་གསུམ་ཡན་ཐོབ་ཚེ་རྒན་ཡོལ་ཞུ་སྐབས་བྱ་དགའ་སྒོར་ཁྲི་10ཐོབ་ཀྱི་ཡོད་པ་རེད།
         བྱ་དགའ་ཐོབ་མཁན་དགེ་རྒན་གྲས་སུ་རྔ་པ་ཀྲོའུ་སློབ་གསོ་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲོའུ་ཤིའུ་ཧྭ་དང་སི་ཁྲོན་ཞིང་ཆེན་དབུན་ཁྲོན་སློབ་འབྲིང་གི་སེམས་ཁམས་ཟུར་ཁྲིད་དགེ་རྒན་ཙེང་མའོ་རུང་སོགས་མི་བདུན་ཚུད་པ་དང་། དེའི་ནང་བོད་རིགས་ཀྱི་དགེ་རྒན་གསུམ་དང་། ཆའང་རིགས་ཀྱི་དགེ་རྒན་གསུམ། རྒྱ་རིགས་ཀྱི་དགེ་རྒན་གཅིག་བཅས་ཡོད་པ་རེད།
         2013ལོར་སློབ་གསོ་པུས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཚུན། རྒྱལ་ཡོངས་ཀྱི་ས་ཁུལ་དབུལ་པོའི་གྲོང་གསེབ་དགེ་རྒན་ཁྲི་བརྒྱ་ཕྲག་ཡན་ལ་ཟླ་རེར་སྒོར་བརྒྱ་ཕྲག་གི་ཁ་གསབ་ཐོབ་པ་དང་དེའི་ནང་སི་ཁྲོན་གྱི་ཟླ་རེའི་ཁ་གསབ་ཚད་གཞི་ནི་སྒོར་400ཡན་ཡིན། དེ་དང་དུས་མཚུངས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་རྔ་པ་ཀྲོའུ་ལ་མ་དངུལ་སྒོར་དུང་ཕྱུར་བརྒྱ་ཕྲག་བཏང་ནས་ཡུལ་དེ་གའི་སློབ་གྲྭའི་ཆ་རྐྱེན་ལེགས་སུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།