འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་བདུན་གྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་འགྲོ་ལུགས་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་ནས་བཟུང་། མཚོ་སྔོན་གྱིས་ཐེམ་ཁུངས་ཞིང་ཆེན་གཞན་ནས་ཡིན་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་འགྲོ་ལུགས་གཉེར་འགོ་ཚུགས་ནས་ཐེམ་ཁུངས་ཁྲུང་ཆིང་དང་། ཉིང་ཞ། ཧྲའན་ཤིས། ཨན་ཧུའེ། ཧའེ་ནན། ལེའོ་ཉིང་། ཅི་ལིན་བཅས་ཞིང་ཆེན་7ནས་ཡིན་ཕྱིན་གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་བ་དང་དུས་ཚོད་ཐིམས་ནས་བརྗེ་བའི་འགྲོ་ལུགས་མཚོ་སྔོན་ནས་གཉེར་ཆོག་གི་ཡོད་པ་རེད།
         བླང་བྱར་གཞིགས་ཚེ། མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དུ་ཁྲིམས་མཐུན་གཏན་འཇགས་ངང་ལས་ཞུགས་དང་། སློབ་ཞུགས། གནས་སྡོད་མ་ཟད། གནས་སྡོད་ཐོ་འགོད་འགྲོ་ལུགས་གཉེར་བའི་གོང་གསལ་ཞིང་ཆེན་བདུན་པོ་གང་རུང་གི་ཐེམ་ཐོ་ཡོད་པའི་གྲོང་མི་ཡིན་ཕྱིན་སྤྱི་བདེ་ལས་ཁུངས་སུ་འབྲེལ་ཡོད་ལས་སྒོ་བསྒྲུབ་རྒྱུའི་འདུན་ཞུ་བྱེད་ཆོག གནས་སྡོད་ཐོ་འགོད་འགྲོ་ལུགས་གཉེར་རྒྱུའི་འདུན་ཞུ་བྱེད་མཁན་ཚོས་སོ་སོའི་ཐོབ་ཐང་ལག་ཁྱེར་དང་། ཐེམ་ཐོ། གནས་སྡོད་ལག་ཁྱེར། ཁ་ལོ་བའི་ལག་ཁྱེར། སྤྱི་ཚོགས་འགན་བཅོལ་གཱ སློབ་མའི་ལག་ཁྱེར་སོགས་གོ་ཆོད་ལག་ཁྱེར་གང་རུང་ཞིག་དང་དེའི་པར་སློག་ཁྱེར་ཏེ་རང་སྡོད་སའི་ཡུལ་གཞན་གྱི་ལག་ཁྱེར་གཉེར་སར་ཡོང་ནས་འདུན་ཞུ་བྱེད་ཆོག བདག་སྤྲོད་བྱེད་རིང་། ཡུལ་གཞན་ནས་འོང་བའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གཉེར་ས་དེ་རང་དུ་འདུན་ཞུ་བྱེད་མཁན་གྱི་ངོ་རིས་དང་མཛུབ་རིས་ཀྱི་ཆ་འཕྲིན་བསྡུ་རྒྱུ་མ་ཟད། 《གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་ནས་གཉེར་བའི་ཐོ་འགོད་རེའུ་མིག》པར་བརྒྱབ་སྟེ་འདུན་ཞུ་མཁན་ལ་མིང་རྟགས་བཀོད་ནས་གཏན་འཁེལ་བྱུང་རྗེས་འགྲོ་སོང་བསྡུ་རྒྱུ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་སྤྱི་བདེ་སྡེ་ཚན་གྱིས་མི་རིགས་འདུས་སྡོད་ཁུལ་དུ་གཏོགས་པའི་རྐྱེན་གྱིས་ཞིང་ཆེན་སྒྲོལ་བའི་སྐད་རིགས་གཉིས་ཀྱི་ལག་ཁྱེར་བཟོ་དགོས་རིགས་ལ་སྤྱི་བདེ་པུའི་ལས་ཀའི་བཀོད་སྒྲིག་ལྟར་གནས་སྐབས་བདག་སྤྲོད་བྱ་རྒྱུ་མིན་པ་དང་། ཡུལ་གཞན་ནས་འོང་བའི་གྲོང་མིའི་ཐོང་ཐང་ལག་ཁྱེར་གཉེར་མཁན་གྱི་གྲོང་མིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཐོན་གཉིས་པ་ལེན་མྱོང་ཡོད་ཚེ་གཞི་ནས་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་བ་གསབ་གཉེར་དང་། དུས་ཚོད་ཐིམས་ནས་བརྗེ་བ། ཆག་སྐྱོན་ཤོར་བ་བརྗེ་བ་སོགས་བྱེད་ཆོག་པའི་དྲན་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།