འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི“ཝ་རྔོན་བྱ་སྤྱོད”སྤེལ་བའི་ཁྲོད་རིགས་ཁག་གི་རྒྱལ་ཁོངས་ཕྱིར་བྲོས་པའི་
    ཉེས་ཅན་409བཟུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རུལ་སུངས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས“གནམ་རྒྱའི་བྱ་སྤྱོད”སྤེལ་བ་དང་། 2016ལོའི“ཝ་རྔོན་བྱ་སྤྱོད”ལ་སྐུལ་འདེད་ཏན་ཏིག་བཏང་བར་གྲུབ་འབྲས་ཡག་པོ་ཐོབ་པ་རེད། མིག་སྔའི་བར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་དང་ས་ཁུལ་61ནས་རིགས་ཁག་གི་རྒྱལ་ཁོངས་ཕྱིར་བྲོས་པའི་ཉེས་ཅན་409བཟུང་བ་དང་། དེའི་ནང་མི་272བཟུང་བ་དང་མི་137ཚུར་ལོག་རྒྱུའི་ཁ་ཏ་བྱས་ཤིང་། “ཉེས་ཅན་བརྒྱའི་འཛིན་བཟུང་བཀའ་རྒྱ་དམར་པོའི”བྲོས་བྱོལ་ཉེས་ཅན་15བཟུང་བ་དང་། སྒྲིག་བཤེར་དང་ཞིབ་དཔྱོད་ལས་ཁུངས་ལ་གཞོགས་འདེགས་ཀྱིས་ལས་ཐོག་ཉེས་གསོག་གི་རྒྱལ་ཁོངས་ཕྱིར་བྲོས་པའི་ཉེས་ཅན་38བཟུང་བ། འགག་སྒོའི་ནག་ཚོང་བརྒྱབ་པའི་ཉེས་གསོག་གི་རྒྱལ་ཁོངས་ཕྱིར་བྲོས་པའི་ཉེས་ཅན་14བཟུང་བ། གྱོད་འབྲེལ་དངུལ་འབོར་སྒོར་ཆིག་ཁྲི་ཡན་ཟིན་པའི་མི་127དང་སྒོར་དུང་ཕྱུར་ལས་བརྒལ་བའི་མི་28ཡོད་པ། ལོ་5ཡན་བྲོས་བྱོལ་དུ་སོང་བའི་ཉེས་ཅན་33ཡོད་པ་དང་། དེའི་ནང་ལོ་10ཡན་བྲོས་བྱོལ་དུ་སོང་བའི་ཉེས་ཅན་12ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བྱ་སྤྱོད་ཁྲོད་སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་བཀོད་འདོམས་བྱས་ཏེ། གྲལ་བཤེར་ཟབ་མོ་དང་རང་འགུལ་ངང་ཕར་རྒོལ་བྱས་པ་དང་། སྔ་རྗེས་སུ་ལས་དོན་ཚོགས་ཆུང་33རྒྱལ་ཁབ་ཕྱིར་ལས་དོན་སྤེལ་བར་མངགས་གཏོང་བྱས་པར་རྒྱལ་ཁོངས་ཕྱིར་བྲོས་པའི་ཉེས་ཅན་འབོར་ཆེན་ཞིག་འཛིན་བཟུང་དང་ཚུར་ལོག་རྒྱུའི་ཁ་ཏ་བྱས་ཡོད། ཟླ་4ཚེས་23ཉིན། མ་ཏ་ཀ་སི་ཁར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་དང་། མོ་རི་ཐིའུ་སིར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་། མ་ཏ་ཀ་སི་ཁར་གྱི་ཉེན་རྟོག་ཕྱོགས་སོགས་ཀྱི་རོགས་རམ་ཤུགས་ཆེན་འོག“ཝ་རྔོན་བྱ་སྤྱོད”ལས་དོན་ཚོགས་ཆུང་གིས་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་40ལྷག་ཙམ་ཟིན་པའི་མ་དངུལ་བསྡུ་སྒྲིལ་ཁ་བསླུས་བརྒྱབ་པའི་གྱོད་གཞི་ཚབས་ཆེན་གྱི་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་སོགས་མི་4བཟུང་ནས་རྒྱལ་ནང་དུ་འཁྲིད་པ་དང་། ཟླ་7ཚེས་29ཉིན་ནས་ཟླ་8ཚེས་10ཉིན་བར། ཐེ་ལན་གྱི་ཁྲིམས་འཛིན་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་སྤྱི་བདེ་པུའི“ཝ་རྔོན་བྱ་སྤྱོད”ལས་དོན་ཚོགས་ཆུང་གིས་སྔ་རྗེས་སུ་ཐེ་ལན་གྱི་ཆིང་མའེ་དང་། པང་ཁོག ཆིང་ལའེ་སོགས་སུ་གཅིག་སྡུད་ཐོག་ཡུས་ཆེ་གེ་མོ་སོགས་དཔལ་འབྱོར་ཉེས་གསོག་ཚབས་ཆེན་གྱི་ཉེས་གསོག་དོགས་ཅན་5བཟུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།