འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གཞུང་ལས་པ་ཁྲི་5.6གི་ཆ་འཕྲིན་གཅིག་གྱུར་དོ་དམ་དང་རིམ་དབྱེ་བཀོལ་སྤྱོད་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རྩ་འཛུགས་ཁོངས་གཏོགས་ཆ་འཕྲིན་ཅན་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་གྱི་གཞུང་ལས་པའི་ཆ་འཕྲིན་མཛོད་དང་། ཞིང་ཆེན་ནས་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཆ་འཕྲིན་མཛོད། རིམ་མཐོའི་ཤེས་ལྡན་མི་སྣའི་མཛོད་བཅས་རགས་ཙམ་བསྐྲུན་ཟིན་ཏེ་གཞུང་ལས་པ་ཁྲི་5.6གི་ཆ་འཕྲིན་གཅིག་གྱུར་དོ་དམ་དང་རིམ་དབྱེ་བཀོལ་སྤྱོད་ཐུབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་རྩ་འཛུགས་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་ལས་དོན་གྱིས་རྩ་འཛུགས་ལས་དོན་གྱི་སྒྱུར་བཅོས་གསར་གཏོད་དང་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་དང་སྲ་ཞིང་བརྟན་པའི་འགན་སྲུང་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་དྲ་རྒྱའི་རྨང་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། མིག་སྔའི་བར་ཞིང་ཆེན་དང་། གྲོང་ཁྱེར་(ཀྲོའུ)རྫོང་(གྲོང་ཁྱེར་དང་ཆུས)བཅས་རིམ་གསུམ་ཏང་ཨུད་རྩ་འཛུགས་སྡེ་ཚན་གྱི་ཀྲུང་དབྱང་རྩ་འཛུགས་པུའུ་དང་དེ་བཞིན་རྒྱལ་ཡོངས་རྩ་འཛུགས་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་རྣམ་གྲངས་རྦད་དེ་ལེགས་གྲུབ་བྱུང་ནས། ཞིང་ཆེན་དེ་ཡོངས་ཀྱི་ཀྲུང་དབྱང་རྩ་འཛུགས་པུའུ་དང་དེ་བཞིན་རྒྱལ་ཡོངས་རྩ་འཛུགས་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་རྣམ་གྲངས་ཀྱི་འཕྲེད་སྦྲེལ་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ལས་མཇུག་འགྲིལ་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་དེ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་རིམ་དབྱེའི་སྲུང་སྐྱོང་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་པ་དང་། མཚོ་སྔོན་གྱིས་ལོ་གསུམ་སྤྱད་དེ་ཞིང་ཆེན་དེ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་ཀྲུང་དབྱང་རྩ་འཛུགས་པུའུ་དང་། དེ་བཞིན་རྒྱལ་ཡོངས་རྩ་འཛུགས་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་རྣམ་གྲངས་ཀྱི་རིམ་དབྱེའི་སྲུང་སྐྱོང་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཁར། རྨང་གཞི་དེའི་ཐོག་ཞིང་ཆེན་དེ་ཡོངས་ཀྱི་ཀྲུང་དབྱང་རྩ་འཛུགས་པུའུ་དང་དེ་བཞིན་རྒྱལ་ཡོངས་རྩ་འཛུགས་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་རྣམ་གྲངས་ཀྱི་རིམ་དབྱེའི་སྲུང་སྐྱོང་ཚད་ལེན་དཔྱད་བསྡུར་བཅས་ཀྱི་ལས་དོན་སྔ་སྣུར་ནས་ལེགས་སྒྲུབ་བྱས་པ་རེད།
         གཞན་ཡང་ཞིང་ཆེན་དེ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་ཆ་འཕྲིན་ཐོན་ཁུངས་གསར་སྤེལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། མིག་སྔར་ཞིང་ཆེན་དེ་ཡོངས་ཀྱི་ཏང་ཡོན་གྱི་ཆ་འཕྲིན་དོ་དམ་ལས་སྟེགས་བསྐྲུན་པའི་འདུ་འགོད་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། གྲོང་ཁྱེར་(ཀྲོའུ)8དང་རྫོང་(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཚན་པ)དང་དེ་བཞིན་ཁོངས་གཏོགས་ཁེར་རྐྱང་གི་ཁྲིམས་མིའི་ཚན་པ་ཚང་མར་ཏང་ཡོན་དང་ཏང་རྩ་འཛུགས་ཀྱི་ཆ་འཕྲིན་མཛོད་བཙུགས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཏང་ཡོན་གྱི་གཞི་རྩའི་ཆ་འཕྲིན་མཛོད་འཛུགས་ཆེད་རྨང་གཞི་བཏིང་ཡོད། ཞིང་ཆེན་དོ་དམ་ལས་བྱེད་པའི་མི་དོན་ཡིག་ཚགས་གྲངས་གཞི་ཅན་གྱི་ལས་དོན་རྦད་དེ་ལེགས་སྒྲུབ་ཟིན་ནས། ཞིང་ཆེན་ཐད་གཏོགས་ཚན་པའི་གྲངས་གཞི་ཅན་གྱི་ལས་དོན་2017ལོའི་ལོ་མཇུག་ཏུ་ལེགས་སྒྲུབ་བྱ་རྒྱུ་དང་། གྲོང་ཁྱེར་(ཀྲོའུ)དང་རྫོང་(གྲོང་ཁྱེར་དང་ཆུས)གི་ལས་བྱེད་པའི་གྲངས་གཞི་ཅན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།