འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཚུགས་ཀྱིས་བྱེད་པོའི་འགན་འཁྲི་ཁུར་
    དགོས་ཚུལ་ལ་བླང་བྱ་ཁག་བརྒྱད་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་པེ་ཅིང་དུ་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས། དྲ་ཚུགས་ཀྱིས་དྲ་ཐོག་གི་ཆ་འཕྲིན་དོ་དམ་གྱི་བྱེད་པོའི་འགན་འཁྲི་འཁུར་དགོས་ཚུལ་ལ་བླང་བྱ་ཁག་བརྒྱད་བཏོན་ཞིང་། དྲ་འབྲེལ་གྱི་གསར་འགྱུར་ཆ་འཕྲིན་མཁོ་འདོན་ཞབས་ཞུའི་དྲ་ཚུགས་ཀྱིས་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཁུར་ལམ་ལུགས་བཟོས་ཁར། སྤྱི་ཁྱབ་རྩོམ་སྒྲིག་པས་གསར་འགྱུར་ཆ་འཕྲིན་ནང་དོན་གྱི་ཕྱོགས་སྟོན་དང་གསར་རྩོམ་ཐོན་སྐྱེད་དང་བརྒྱུད་སྤེལ་ལ་སྤྱི་ཡོངས་ནས་འགན་འཁུར་དགོས་པ་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་དང་། དེ་བཞིན་ལྟེ་བའི་ནང་དོན་ལ་དོ་དམ་བྱེད་མཁན་བསྐོ་གཞག་དང་། དོ་དམ། དཔྱད་ཞིབ། ཕྱིར་འཐེན་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་པོ་བཟོ་དགོས་པ། ཆ་འཕྲིན་སྤེལ་བར་ཕྱོགས་སྟོན་ཡང་དག་དང་། དངོས་ཡོད་དང་གནད་ལ་འཁེལ་བ། ཡོང་ཁུངས་ཚད་ལྡན། ཁྲིམས་མཐུན་ལུགས་མཐུན་ཡིན་པ་གང་ཞིག ཆ་འཕྲིན་ནང་དོན་གྱི་བདེ་འཇགས་ལག་རྩལ་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། གསར་འགྱུར་རྩོམ་ཡིག་སྤེལ་བའི་ཞིབ་དཔྱད་མ་ལག་བཟོ་བ། དྲ་རྒྱའི་ཐད་གཏོང་ལ་སོགས་བའི་ཐོན་རྫས་གསར་པ་དང་། བཀོལ་་སྤྱོད་གསར་པ། ནུས་པ་གསར་པ་བཅས་དྲ་ཐོག་ཏུ་གཏོང་བའི་བདེ་འཇགས་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་ཉེ་དུས་ཚོང་དོན་དྲ་ཚུགས་དང་དུད་སྣེ་གཙོ་བོ་8ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བརྒྱུད་ནས་རྟོགས་པར། དྲ་ཚུགས་དེ་དག་གི་དོ་དམ་ལམ་ལུགས་ཚད་ལྡན་བཟོ་རྒྱུ་དང་། ཆ་འཕྲིན་བདེ་འཇགས་ལས་གནས་ཀྱི་མི་སྣ་བཀོད་སྒྲིག ལག་རྩལ་སྟོབས་ཤུགས་སོགས་ཐད་ལ་རྨང་གཞིའི་ལས་ཀ་འབོར་ཆེན་བྱས་ཡོད་མོད། འོན་ཀྱང་སྤྱི་ཡོངས་ཐད་ནས་ད་དུང་སྣང་ཆུང་བྱེད་མི་རུང་བ་དང་ཐུན་མོང་རང་བཞིན་ལྡན་པའི་མངོན་གསལ་དོད་པའི་གནད་དོན་ལྷག་ཡོད་པ་སྟེ། སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཁྲིའི་ལམ་ལུགས་ཕྱི་ཚུལ་ཙམ་དུ་ལུས་པ་དང་། དོ་དམ་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ། ལེ་ལག་ཚང་བའི་བྱ་དགའ་ཆད་གཅོད་དང་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་མེད་པ་བཅས་དང་། ཆ་འཕྲིན་ནང་དོན་བདེ་འཇགས་འགན་སྲུང་ལ་སྐྱོན་ཆ་ཅུང་མང་བ་གང་ཞིག་མ་རྩོམ་ལ་དོ་དམ་ཚད་ལྡན་མེད་པ། ཨང་གྲངས་དོ་དམ་ལམ་སྲོལ་འཐུས་སྒོ་མི་ཚང་བ། ཐོ་འགོད་ཆ་འཕྲིན་གྱི་ཞིབ་དཔྱད་ནན་ཏན་མིན་པ། ཐེར་འདོན་བདག་སྤྲོད་ལས་ཀར་སྣང་ཆེན་མི་བྱེད་པ་སོགས་ཚུད་ཡོད། གནད་དོན་འདི་དག་ལ་དམིགས་ནས། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་གང་ལེགས་ཉན་པའི་རྨང་གཞིའི་ཐོག རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཚུགས་ཀྱིས་བྱེད་པོའི་འགན་འཁྲི་འཁུར་དགོས་ཚུལ་གྱི་བླང་བྱ་ཁག་བརྒྱད་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།