འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་2016ལོ་ནི་ལོ་རྒྱུས་ཐོག་ཚ་གདུག་ཆེ་ཤོས་ཀྱི་ལོ་
    གཅིག་ཡིན་པའི་སྔོན་དཔག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་04ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་5པ་ནི་2015དང་2016ལོའི་ཟླ་21གི་སྲོག་ཚད་ལྡན་པའི་ཤུགས་ཆེ་ཤོས་ཀྱི་ཨར་ཉི་ནོ་སྣང་ཚུལ་མཇུག་འགྲིལ་བའི་དུས་རེད། དེའི་རྒྱུན་མཐུད་ཀྱི་དུས་ཚོད་དང་ཤུགས་ཚད་ནི་1951ལོ་ཚུན་དུས་ཚོད་རིང་ཤོས་དང་ཤུགས་ཆེ་ཤོས་ཡིན་པའི་ངོས་འཛིན་བྱས་ཡོད། ཤུགས་ཆེ་ཤོས་ཀྱི་ཨར་ཉི་ནོ་སྣང་ཚུལ་དངོས་སུ་མཇུག་འགྲིལ་ཡང་རླུང་ཁམས་ཆེན་པོའི་འཁོར་རྒྱུག་ལ་རྒྱ་མཚོའི་འགྱུར་ལྡོག་གི་ཤུགས་རྐྱེན་ཕོག་པས། འདི་ལོའི་དབྱར་ཁར་གོ་ལ་ཧྲིལ་པོའི་ས་གནས་ཁག་ལ་ཤུགས་ཆེ་ཤོས་ཀྱི་ཨར་ཉི་ནོ་སྣང་ཚུལ་གྱི་ཤུགས་རྐྱེན་མུ་མཐུད་ཐེབས་རྒྱུ་རེད།
          ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་2016ལོ་ནི་ལོ་རྒྱུས་ཐོག་ཚ་གདུག་ཆེ་ཤོས་ཀྱི་ལོ་གཅིག་ཡིན་པའི་སྔོན་དཔག་བྱས་ཡོད་པས། 2015ལོའི་ཟིན་ཐོ་གཏོར་རྒྱུ་རེད། ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེན་པོ་དོ་དམ་ཅུས་ཀྱིས་མིག་སྔར་2016ལོའི་ཟླ་5པ་ནི་དེང་རབས་ལོ་རྒྱུས་ཐོག་དྲོད་ཚད་མཐོ་ཤོས་ཀྱི་ཟླ་བ་ཞིག་ཡིན་པས། དེས་གོ་ལ་ཧྲིལ་པོའི་དྲོད་ཚད་ལོ་རྒྱུས་ཐོག་མཐོང་མྱོང་མེད་པའི་བསྟུད་མར་ཟླ་བ་13དྲོད་ཚད་མཐོ་བའི་ཟིན་ཐོ་གསར་པ་བཏོད་ཡོད། གནམ་གཤིས་དྲོ་རུ་ཕྱིན་པ་དེས་འཛམ་གླིང་ས་ཕྱོགས་ཁག་གི་མི་རྣམས་གོམས་པའི་གནམ་གཤིས་མ་ལག་ལ་འགྱུར་ལྡོག་ཕྱིན་ནས་ས་གནས་ཁག་གཅིག་ཏུ་དྲག་ཆར་བབས་པ་དང་ས་གནས་ཁག་གཅིག་ཏུ་ཚ་གདུག་ཆེ་བ་དང་སྐམ་ཤས་ཆེ་བའི་གནམ་གཤིས་ངན་པ་བསྟན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།