འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་པད་མ་རྫོང་གི་བོད་ཇ་བྲིན་ཁ་རྒྱུག་པོ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་04ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། པད་མ་རྫོང་གི་རི་སྐྱེས་བོད་ཇར་ལོ་རྒྱུས་རྒྱུན་རིང་ལྡན་ཏེ། 《མགོ་ལོག་རུས་མཛོད་མེ་ཏོག་སྐྱེད་ཚལ་》དུ་འཁོད་པ་ལྟར་ན། ཐང་སུང་སྐབས་ནས་བཟུང་པད་མའི་རིག་གནས་མཉམ་འདྲེས་བྱུང་ནས་ཚོང་དོན་སྣ་ཚོགས་ཧ་ཅང་འཁྲུག་པོ་ཡོད་པ་དང་། ས་གནས་དེ་གའི་འབྲོག་པས་ཚགས་ཤ་དང་། ལུག་ཤ དཀར་ཆུ། བོད་ཇ་སོགས་སྤྱད་དེ་ཉེར་མཁོའི་ཡོ་བྱད་ཉོ་གི་ཡོད་པ་དང་། ལྷག་པར་དུ་ས་གནས་དེ་གའི“ཇ་ནག”ནི་སྐབས་དེར་ཧ་ཅང་བྲིན་པོ་ཡོད་དེ། སི་ཁྲོན་ཞིང་ཆེན་གྱི་རྔ་པ་དང་། འཛམ་ཐང་། འབར་ཁམས་སོགས་སུ་དབོར་གྱི་ཡོད་པ་མ་ཟད་ད་དུང་བོད་ལ་ཡང་དབོར་གྱི་ཡོད་པ་རེད། པད་མའི“གསེར་གྱི་གནའ་ལམ”སྐབས་དེར་ཕྱི་ཕྱོགས་ལ་ཇ་དབོར་བའི་བགྲོད་ལམ་ཉག་གཅིག་དེ་རེད། ཡིན་ན་ཡང་རིག་གནས་ཟིན་ཐོར་འཁོད་པ་མཐོང་དཀོན་པའི་དབང་གིས་པད་མ་རྫོང་གི་བོད་ཇ་དེ་རིམ་བཞིན་མི་རྣམས་ཀྱི་དྲན་འཛིན་ལས་ཡལ་ཏེ། མི་མང་པོ་ཞིག་གིས་མཚོ་སྔོན་དུ་ཇ་ལོ་སྐྱེ་གི་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། པད་མ་རྫོང་གི་བོད་ཇ་སྐད་གྲགས་ཆེ་རུ་སོང་ནས་མི་ཚང་མས་མཚོ་སྔོན་དུ་ཇ་ལོ་སྐྱེ་གི་ཡོད་པ་དེ་རི་སྐྱེས་བོད་ཇ་་ཡིན་པ་ཤེས་རྟོགས་ཐུབ་ཡོད་པ་རེད།
         པད་མའི་རི་སྐྱེས་བོད་ཇ་ནི་མཚོ་སྔོན་ཞིང་ཆེན་པད་མ་རྫོང་དམར་ཁོག་གཙང་པོའི་ལུང་གཞུང་དུ་སྐྱེས་ཀྱི་ཡོད་ལ། དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3200ནས་3600དབར་དུ་སྐྱེས་པའི་རི་སྐྱེས་ཇ་སྡོང་གི་ལོ་མ་ནེམ་གསར་དག་དེང་རབས་བཟོ་རྩལ་གྱིས་ལས་སྣོན་བྱས་ནས་གྲུབ་པའི་གངས་ལྗོངས་ཀྱི་སྨན་ཟས་གཉིས་ཀྱི་གོ་ཆོད་པའི་བདེ་ཐང་བཏུང་བྱ་གནོད་མེད་ཅིག་ཡིན་པ་རེད། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་དངོས་ཞིབ་འཇུག་སུའོ་དབྱེ་ཞིབ་ཚོད་ལྟ་ལྟེ་གནས་ཀྱི་ཞིབ་དཔྱད་ཚད་ལེན་གྲུབ་འབྲས་ཐོག་མངོན་པར་གཞིགས་ན། རི་སྐྱེས་གངས་ལྗོངས་བོད་ཇ་དེར་ཁྲག་ཤེད་གཅོག་པ་དང་། གཅིན་པའི་མངར་ཆ་གཅོག་པ། ཁྲག་སླ་རུ་གཏོང་བ། འབྲས་སྐྲན་རིགས་ལ་ཕན་པ། གསོ་རླུང་མ་འདང་བར་ཕན་པ། འགྱེད་འཕྲོ་ལ་ཕན་པ། རྒས་ཀ་སྲ་བ་བཅས“གཅོག་པ་གསུམ་དང་ཕན་པ་བཞི”དང་གཉིད་འགུགས་པའི་ཕན་ཡོན་ལྡན་པས“མཐོ་བ་གསུམ”གྱི་མི་ཚོགས་ཀྱིས་འཐུང་ན་ཧ་ཅང་འཚམ་པོ་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། པད་མ་རྫོང་གིས་རི་སྐྱེས་བོད་ཇའི་བྱ་གཞག་རྒྱ་སྟོབས་ཆེ་རུ་གཏོང་ཆེད། “གནོད་མེད་དང་། ཁྱད་ལྡན། གཞི་ཁྱོན། སྤུས་རྟགས”བཅས་ལྡན་པའི་པད་མའི་གངས་ལྗོངས་བོད་ཇ་སྔར་བས་ཡག་པོ་བཏོད་པ་དང་། པད་མ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“ལེགས་ལྡན་ཐོན་ལས་དང་། ལེགས་ལྡན་ཐོན་ཁུངས། ལེགས་ལྡན་ས་ཁོངས། སྔོན་ལ་འཕེལ་རྒྱས”བཅས་ཀྱི་རྩ་དོན་ལྟར་མཉམ་སྒྲིག་བྱེད་ཐབས་ཤིག་བཏོན་པས། “ཀུང་སི་དང་ཞིང་དུད། རྟེན་གཞི་བཅས་ཟུང་འབྲེལ”དང“ཀུང་སི་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་ཐོན་སྐྱེད་ཕྱིར་ཚོང་བྱེད་སྟངས་ཤིག་ཆགས་ནས་བོད་ཇའི་ཚོང་ལམ་རྒྱ་སྐྱེད་ཐུབ་པ་མ་ཟད་ད་དུང་ས་གནས་དེ་གའི་འབྲོག་པ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད། སྲོལ་རྒྱུན་བསམ་བློའི་འཆིང་རྒྱ་ལས་གྲོལ་ཆེད་འདི་ལོ། པད་མ་རྫོང་གིས་དེང་རབས་ཐོན་སྐྱེད་ལག་རྩལ་དེ་སྲོལ་རྒྱུན་བོད་ཇ་ཐོན་སྐྱེད་ཁྲོད་སྤྱད་དེ། གངས་ལྗོངས་བོད་ཇ་ཐོན་སྐྱེད་དང་སྔོ་ལྗང་སྣོད་བཅུད་འཛུགས་སྐྲུན་ཐོན་ལས་གཉིས་ཟུང་དུ་སྦྲེལ་ཐོག རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་བརྒྱུད“ཁྱད་ཆོས་ཅན་དང་། སྤུས་རྟགས་ཅན། སྤུས་ལེགས་ཅན་བཅས”ཀྱི་ལམ་བུ་གསར་པར་བསྐྱོད་དེ། ཇ་ལྗང་རྗེས་ཀྱི་ཇ་པ་ཏི་རྩེ་གྲ་དེ་གཞི་ཁྱོན་ལྡན་པའི་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པར་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།