འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཚོང་ཟོག་ཉོ་ཚོང་ལྟེ་གནས་མ་ལག་དྲ་ཞུགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་04ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ཀྱི་ཚོང་ཟོག་ཉོ་ཚོང་ལྟེ་གནས་མ་ལག་ལྷ་ས་གྲོང་ཁྱེར་ནས་དངོས་སུ་དྲ་ཞུགས་བྱས་ཤིང་། འདིས་ཚོང་ཟོག་འབོར་ཆེན་གྱི་འཁོར་རྒྱུག་ལ་ནུས་ལྡན་གྱི་ཉོ་ཚོང་སྟེགས་བུ་དང་། སྟབས་བདེ་བའི་དངོས་ཟོག་སྐྱེལ་འདྲེན་ཞབས་ཞུ། འདང་ངེས་ཀྱི་མ་དངུལ་རྒྱབ་སྐྱོར་བཅས་མཁོ་འདོན་བྱས་ཏེ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་གི་གོང་ཚད་ལྟེ་གནས་ཤིག་བསྐྲུན་རྒྱུ་ཡིན་པ་རེད།
    བོད་ལྗོངས་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཀྱིས་ཚོང་ཟོག་འཁོར་རྒྱུག་གི་ཁྱད་ཆོས་ལ་དམིགས་ཏེ་རྩིས་འཁོར་དྲ་རྒྱའི་ལག་རྩལ་ནི་རྨང་གཞི་དང་དེང་རབས་དངོས་ཟོག་གི་འཁོར་རྒྱུག་ནི་འདེགས་སྐྱོར། དངུལ་རྩའི་སྒྲིག་གཞི་ནི་རྒྱབ་རྟེན་བཅས་སུ་བྱས་ནས"གློག་རྡུལ་ཚོང་ལས+དེང་རབས་དངོས་ཟོག་གི་འཁོར་རྒྱུག+མཁོ་སྤྲོད་འབྲེལ་ཐག་གི་ཞབས་ཞུ"ཡི་འཁོར་སྐྱོད་རྣམ་པ་ཞིག་གཏན་ཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།