འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་རོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དཀའ་ངལ་ཡོད་པའི་
    མང་ཚོགས་ལ་རོགས་སྐྱོར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་རོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དཀའ་ངལ་ཡོད་པའི་
མང་ཚོགས་ལ་རོགས་སྐྱོར་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་རོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་འཚོ་བའི་ཐད་དཀའ་ངལ་ཆེ་བ་དང་མྱུར་སྐྱོར་བྱེད་དགོས་པའི་མང་ཚོགས་33ལ་དངོས་ཟོག་དང་གྱོན་གོས་སྤྲད་པ་རེད། གཞན་ཡང་ས་ཚིགས་དེས་ད་དུང་བཅའ་སྡོད་བྱ་ཡུལ་དུ་སྔ་རྗེས་སུ་དམངས་གཅེས་མཐའ་བརྟན་དཔེ་སྟོན་སློབ་ཆུང་འཛུགས་སྐྱོང་དང་། དམངས་གཅེས་མཐའ་བརྟན་ཞབས་ཞུའི་ལྟེ་གནས་ཚོད་ལྟའི་འཛུགས་སྐྲུན། དུས་བཀག་ལྟར"གཅེས་སེམས་ལྡན་པའི་མཐུད་འབྲེལ་བརྩེ་སེམས་ཕུལ་བ"སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། མིག་སྔའི་བར་དུ་སྔ་ཕྱི་སྡེབ་རྩིས་བྱས་ན་རིགས་མི་འདྲ་བའི་དངོས་ཟོག་དང་དངུལ་སྒོར་ཁྲི་10རི་བ་རོགས་སྐྱོར་བྱས་པ་དང་། འཚམས་འདྲི་རོགས་སྐྱོར་ཐེངས་16བྱས་ལ། མང་ཚོགས་ལ་དཀའ་ངལ་དངོས་ཁག་6སེལ་རོགས་ཀྱང་བྱས་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ས་ཚིགས་དེས་བཅའ་སྡོད་བྱ་ཡུལ་གྱི་དམངས་སྲིད་དང་། སློབ་གསོ། དབུལ་སྐྱོར་སོགས་ཀྱི་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ཉམ་ཆུང་ཚོགས་ཁྱུ་ལ་རོགས་སྐྱོར་བྱེད་པའི་ལས་སྒྲུབ་ལམ་སྲོལ་དང་ཁེ་དབང་འགན་སྲུང་ལམ་སྲོལ་བཙུགས་ནས་ནུས་ཆེའི་རོགས་སྐྱོར་བྱ་ཐབས་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཉམ་ཆུང་ཚོགས་ཁྱུའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས་མཐིལ་རྟོགས་རྩད་ཞིབ་དང་། ཆ་སྒྲིག་པ། རོགས་སྐྱོར། སློབ་གསོ་སོགས་ལྷུ་ཚིགས་བཞི་ཁོང་དུ་ཆུད་པར་བྱ་རྒྱུ་གཙོ་བོར་བཟུང་ནས་བཅའ་སྡོད་བྱ་ཡུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་བྱེད་པ་དང་། མཐའ་སྲུང་སྡེ་ཁག་གིས་སྐུལ་འདེདགཏོང་བ། མང་ཚོགས་ཀྱིས་ཁས་ལེན་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་ཡོངས་ཁྱབ་ཏུ་ཞུགས་པ་བཅས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཆགས་པ་རེད།
    ༄༅།།གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་རོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དཀའ་ངལ་ཡོད་པའི་
མང་ཚོགས་ལ་རོགས་སྐྱོར་བྱེད་པ།
    ༄༅།།གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་རོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་དཀའ་ངལ་ཡོད་པའི་
མང་ཚོགས་ལ་རོགས་སྐྱོར་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།