འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་འཆར་གཞི་ཡོངས་བསྒྲགས་བྱས་འདུག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་21ཉིན་གྱི་ཕྱི་དྲོ། གསར་འགོད་པར་རང་སྐྱོང་ལྗོངས་སློབ་བསྡུ་རྒྱུགས་ལེན་ཨུ་ལྷན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་2016ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་འཆར་གཞི་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་། ཚེས་21ཉིན་བོད་ལྗོངས་སློབ་གསོ་ཐིང་གི་གཞུང་ཕྱོགས་དྲ་ཚུགས་(www.xzedu.com.cn)དང་། བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་དྲ་ཚུགས་(www.xzzsks.com.cn) ལྷ་ས་དགོང་དྲོའི་ཚགས་པར་སོགས་སྨྱན་སྦྱོར་ཐོག་གཅིག་གྱུར་ཡོངས་བསྒྲགས་བྱས་ཡོད། རྒྱུགས་སྤྲོད་སློབ་མས་བོད་ལྗོངས་སློབ་གསོ་ཐིང་གི་གཞུང་ཕྱོགས་དྲ་ཚུགས་དང་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་དྲ་ཚུགས་ནས་སློབ་བསྡུའི་འཆར་གཞི་ཕབ་ལེན་བྱེད་ཆོག
         ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་2016ལོའི་མཐོ་སློབ་དཀྱུས་མར་སློབ་མ་18849བསྡུ་རྩིས་ཡོད་པའི་ནང་དངོས་གཞིའི་ཚན་ཁག་ལ་སློབ་མ་9764དང་། དངོས་གཞིའི་ཚན་ཁག་གི་གྲ་སྒྲིག་འཛིན་གྲྭར་སློབ་མ་767 ཆེད་སྦྱོང་ཚན་ཁག་ལ་སློབ་མ་8318བཅས་ཚུད་ཡོད། སློབ་ཁུངས་དཀྱུས་མ་17104བསྡུ་རྩིས་ཡོད་པའི་ནང་རིག་གནས་ལོ་རྒྱུས་རིགས་ཀྱི་སློབ་མ་7144(དངོས་གཞིའི་ཚན་ཁག་ལ་སློབ་མ་3485དང་། དངོས་གཞིའི་ཚན་ཁག་གི་གྲ་སྒྲིག་འཛིན་གྲྭར་སློབ་མ་364 ཆེད་སྦྱོང་ཚན་ཁག་ལ་སློབ་མ་3295བཅས་)དང་། རང་བྱུང་བཟོ་སྐྲུན་རིགས་ཀྱི་སློབ་མ་9960(དངོས་གཞིའི་ཚན་ཁག་ལ་སློབ་མ་5979དང་། དངོས་གཞིའི་ཚན་ཁག་གི་གྲ་སྒྲིག་འཛིན་གྲྭར་སློབ་མ་403 ཆེད་སྦྱོང་ཚན་ཁག་ལ་སློ་མ་3578བཅས)ཚུད་ཡོད། དཔུང་སྡེའི་སློབ་ཁུངས་ཀྱི་སློབ་མ་300བསྡུ་རྩིས་ཡོད་པའི་ནང་རིག་གནས་ལོ་རྒྱུས་རིགས་ཀྱི་སློབ་མ་230དང་རང་བྱུང་བཟོ་སྐྲུན་རིགས་ཀྱི་སློབ་མ་70ཚུད་པ་དེ་དག་ཚང་མ་དངོས་གཞིའི་ཚན་ཁག་ཡིན། ཁ་གཏད་ཀྱི་མཐོ་རིམ་ཆེད་ཚན་སློབ་ཁུངས་སློབ་མ་1445བསྡུ་རྩིས་ཡོད་པ་དེ་དག་ཚང་མ་ཆེད་སྦྱོང་ཚན་ཁག་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།