འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མིན་ཅང་གཙང་པོ་སོགས་ཆུ་བོ་40རུ་ཉེན་མཚམས་ལས་བརྒལ་བའི་ཆུ་ལོག་ཐོན་པ། 

    འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལས་དོན་ཚོགས་ཆུང་5ཆུ་ལོག་འགོག་པར་མངགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན་དང་19ཉིན་རང་རྒྱལ་གྱི་ལྷོ་རྒྱུད་དུ་ཆར་ཆུ་འབབ་ཁུལ་གཉིས་ཐོན་ཞིང་། ཧུའུ་པེའི་ཤར་རྒྱུད་དང་། ཨན་ཧུའེ་ཡི་ལྷོ་རྒྱུད། ཅང་ཤིས་ཀྱི་བྱང་རྒྱུད། ཀྲེ་ཅང་གི་ནུབ་བྱང་དང་སི་ཁྲོན་གྱི་ལྷོ་རྒྱུད། ཁྲུང་ཆིང་གི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་སུ་ཆར་པ་ཆེ་བ་ནས་དྲག་ཆར་བབས་པ་དང་ས་ཆ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་བབས་པ་རེད།
         ཆར་པ་ཆེན་པོ་བབས་པའི་ཤུགས་རྐྱེན་ཐེབས་ནས་ཕུའུ་ཅན་མིན་ཅང་གཙང་པོའི་གཞུང་ཆུ་དང་ཅང་ཤིང་ཕན་དབྱང་མཚེའུའི་ཆུ་རྒྱུད་ཁྲང་ཅང་གཙང་པོ་དང་། སི་ཁྲོན་འབྲི་ཆུའི་ཡན་ལག་ཡུང་ཉིང་གཙང་པོ། ཁྲུང་ཆིང་འབྲི་ཆུའི་ཡན་ལག་ཕུའུ་ཧོ་གཙང་པོ་སོགས་ཆུ་བོ་འབྲིང་ཆུང་40རུ་ཉེན་མཚམས་ལས་བརྒལ་བའི་ཆུ་ལོག་ཐོན་པ་དང་། ཉེན་མཚམས་ལས་བརྒལ་ཚད་སྨི་0.02ནས་3.30བར་ཟིན་པ་དང་། དེའི་ནང་ཁྲུང་ཆིང་ཕུའུ་ཧོ་གཙང་པོར་འགན་ལེན་ཚད་གཞི་ལས་བརྒལ་བའི་ཆུ་ལོག་ཐོན་པ་དང་། སི་ཁྲོན་ཡུང་ཉིང་གཙང་པོར་ལོ་རྒྱུས་ཀྱི་དངོས་སུ་ཐིག་ལེན་བྱས་པའི་ཟིན་ཐོ་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད། ཆར་པ་དང་རི་མཐོན་པོའི་གངས་འཁྱགས་བཞུར་བའི་ཤུགས་རྐྱེན་ཐེབས་ནས་ཤིན་ཅང་དབྱི་ལི་གཙང་པོའི་ཡན་ལག་ཧ་ཧྲེ་གཙང་པོ་དང་ཆེ་ཏེ་ཁེ་གཙང་པོར་འགན་ལེན་ཚད་གཞི་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད།
         ཟླ་6ཚེས་18ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལས་དོན་ཚོགས་ཆུང་5ཨན་ཧུའེ་དང་། ཧུའུ་པེ། སི་ཁྲོན། ཁྲུང་ཆིང་། ཤིན་ཅང་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)དུ་མངགས་ཤིང་། ལས་དོན་ཚོགས་ཆུང་གིས་འཐབ་ཕྱོགས་དང་པོར་ས་ཁུལ་ཁག་གིས་འབྲུབ་འགོག་ཞོད་འགོག་ལས་དོན་སྤེལ་རྒྱུར་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་བཞིན་ཡོད། ཅང་ཤིས་ཞིང་ཆེན་དང་། ཀུའེ་ཀྲོའུ་ཞིང་ཆེན། ཁྲུང་ཆིང་གྲོང་ཁྱེར་བཅས་ཀྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་འདོམས་བྱ་སྤྱོད་སྤེལ་འགོ་བཙུགས་ནས་དུས་ཐོག་ཏུ་སྔོན་བརྡ་བཏང་བ་དང་། ཨན་ཧུའེ་དང་། ཧུའུ་པེ། ཀྲེ་ཅང་སོགས་ཞིང་ཆེན་གྱིས་སྔ་སྣུར་དུ་ལས་དོན་ཚོགས་ཆུང་མངགས་ནས་འབྲུབ་འགོག་འཐབ་ཕྱོགས་དང་པོར་འབྲུབ་འགོག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་པར་བསྐྱོད་ཡོད། ལྷོ་ཕྱོགས་ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ཞོད་འགོག་གེགས་སེལ་གྱི་འབྲེལ་ཡོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཞིབ་ཕྲའི་གནོད་འཚེ་ཕོག་ཚུལ་བསྡོམས་རྩིས་རྒྱག་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།