འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་གྱིས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་
    སྟོང་ཟིན་པའི་ལི་རྒྱུའི་གློག་རྫས་ཐོན་ལས་རྟེན་གཞི་རྒྱག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ལི་རྒྱུའི་ཐོན་ཁུངས་ཐོན་ལས་མུ་སྦྲེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་2020ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་སྟོང་ཟིན་པའི་ལི་རྒྱུའི་གློག་རྫས་ཐོན་ལས་རྟེན་གཞི་ཞིག་བརྒྱབ་ཚར་བ་བྱ་རྒྱུ་ཡིན་པ་རེད།
         “ད་ཆ་མཚོ་སྔོན་ལ་ཚྭ་མཚོ་ནས་ལི་རྒྱུ་དང་ཐཱན་སྐྱུར་ལི་འདོན་པ་དང་ལི་རྒྱུའི་གློག་རྫས་བཟོ་བ་སོགས་གོང་ནས་འོག་བར་གཞི་གཅིག་ཏུ་འབྲེལ་བའི་ཐོན་ལས་མུ་སྦྲེལ་ཞིག་རགས་ཙམ་ཆགས་ནས། ལི་ཐོན་ལས་ཚོགས་འདུས་དང་གཞི་ཁྱོན་ལྡན་པར་འཕེལ་རྒྱས་བཏང་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ཧའོ་ཕུང་གིས་དེ་ལྟར་བཤད།
         ལི་རྒྱུ་ནི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྒུལ་ཤུགས་སུ་སྤྱོད་པའི་གློག་རྫས་གལ་ཆེན་ཞིག་ཡིན། ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་དེ་ན་ནིང་གི་དུས་མཚུངས་ལས་131.4%དང་134.1%སོ་སོར་འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།