འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་ཀོང་ཡོན་ཏི་ཙང་དགོན་གྱིས་གཅེས་ཚགས་གནང་བའི་རིང་བསྲེལ་སྐམ་ས་ཆེན་པོར་
    འགྲེམས་སྟོན་ཐོག་མ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་21ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཐའེ་ཝན་ཀོང་ཡོན་ཏི་ཙང་དགོན་གྱིས་གཅེས་ཚགས་གནང་བའི་རིང་བསྲེལ་སྐམ་ས་ཆེན་པོར་
འགྲེམས་སྟོན་ཐོག་མ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་ཐའེ་ཝན་ཀོང་ཡོན་ཏི་ཙང་དགོན་གྱིས་(广愿地藏寺)གཅེས་ཚགས་གནང་བའི་རིང་བསྲེལ་རིགས་50ལྷག་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་གྱི་ཞུས་ཧྲུའེ་ཆུས་ཅིན་ལའང་ཡུས་རྒྱལ་སྤྱིའི་མགྲོན་ཁང་གི་གཅེས་ཉར་ཁང་དུ་མཆོད་མཇལ་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་དུས་ཡུན་ཟླ་བ་3བྱེད་རྒྱུ་རེད། ཐེངས་འདིའི་འགྲེམས་སྟོན་བྱེད་པར་རུས་པའི་རིང་བསྲེལ་དང་། བྱང་ཆུབ་སེམས་དཔའི་རིང་བསྲེལ་ཚོན་ཁྲ་ཅན། སངས་རྒྱས་ཀྱི་ཚེམས་རིང་བསྲེལ་སོགས་རིང་བསྲེལ་100ལྷག་དང་། ཕྲ་རྡོག་མུ་ཏིག་འདྲ་བའི་སངས་རྒྱས་ཀྱི་རིང་བསྲེལ་དཀར་སེར་ཅན་བཅུ་ཕྲག་ཁ་ཤས།  ཆེ་ཆུང་འབྲུག་མིག་ལྟ་བུའི་རྡོ་རྗེ་རིང་བསྲེལ་འགའ་ཞིག་སོགས་ཡོད་པ་རེད། དགོན་པ་དེའི་དགོན་བདག་ཧྲི་ཏ་ཀྲེན་གྱིས་མཚམས་སྦྱོར་གནང་བ་ལྟར་ན། འགྲེམས་སྟོན་འདིར་མཆོད་འབུལ་ཞུ་རྒྱུའི་རིང་བསྲེལ་དེ་ཚོ་ནི་རང་ཉིད་ཀྱིས་ལོ་ངོ་20རིང་ཐེ་ལན་དང་། འབར་མ། སི་རི་ལན་ཁ། རྒྱ་གར། ནེ་པ་ལ་སོགས་ཀྱི་རྒྱལ་ཁམས་འགྲིམ་ནས་གདན་འདྲེན་ཞུས་པ་ཡིན་ལ། དེ་དག་གི་ཁྲོད་དུ་སངས་རྒྱས་ཀྱི་སྐུ་རུས་དང་དེ་ལས་བསྐྱེད་པའི་རིང་བསྲེལ། སངས་རྒྱས་ཆུང་འགའི་རིང་བསྲེལ། དགྲ་བཅོམ་པ་ལྔ་བརྒྱའི་རིང་བསྲེལ། སྐྱེས་ཆེན་དམ་པ་མང་པོའི་རིང་བསྲེལ་སོགས་བསྡོམས་པས་རིང་བསྲེལ་300ལྷག་ཡོད་པ་རེད།
    ༄༅།།ཐའེ་ཝན་ཀོང་ཡོན་ཏི་ཙང་དགོན་གྱིས་གཅེས་ཚགས་གནང་བའི་རིང་བསྲེལ་སྐམ་ས་ཆེན་པོར་
འགྲེམས་སྟོན་ཐོག་མ་བྱས་པ།
    ༄༅།།ཐའེ་ཝན་ཀོང་ཡོན་ཏི་ཙང་དགོན་གྱིས་གཅེས་ཚགས་གནང་བའི་རིང་བསྲེལ་སྐམ་ས་ཆེན་པོར་
འགྲེམས་སྟོན་ཐོག་མ་བྱས་པ།
    ༄༅།།ཐའེ་ཝན་ཀོང་ཡོན་ཏི་ཙང་དགོན་གྱིས་གཅེས་ཚགས་གནང་བའི་རིང་བསྲེལ་སྐམ་ས་ཆེན་པོར་
འགྲེམས་སྟོན་ཐོག་མ་བྱས་པ།
    ༄༅།།ཐའེ་ཝན་ཀོང་ཡོན་ཏི་ཙང་དགོན་གྱིས་གཅེས་ཚགས་གནང་བའི་རིང་བསྲེལ་སྐམ་ས་ཆེན་པོར་
འགྲེམས་སྟོན་ཐོག་མ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།