འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་1200གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་21ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དྲུག་པའི་སློབ་མཇུག་འགྲིལ་བ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་སློབ་ཁྲིད་ས་ཚིགས་575ཡི་སློབ་ཁྲིད་ས་ཚིགས་ཀྱི་འཐབ་ས་དང་པོའི་དགེ་རྒན་1200ཡི་གློག་འགྱུར་སློབ་གསོའི་ལྟེ་གནས་ཀྱི་འགན་འཁུར་བ་དང་ལྟེ་གནས་སློབ་གྲྭའི་དོ་དམ་མི་སྣ་80%ལ་གཅིག་སྡུད་གསོ་སྦྱོང་ལེགས་གྲུབ་ཟིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཟླ་གསུམ་པ་ཤར་ཚུན་མཚོ་སྔོན་གྱིས་དུས་ཐེངས་དྲུག་ལ་བགོས་ནས་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་་གསོ་སྦྱོང་བྱས་ནས་གློག་འགྱུར་སློབ་གསོའི་ལྟེ་གནས་ཀྱི་འགན་འཁུར་བ་དང་། ལྟེ་གནས་སློབ་གྲྭའི་དོ་དམ་མི་སྣ། སློབ་ཁྲིད་ས་ཚིགས་ཀྱི་འཐབ་ས་དང་པོའི་དགེ་རྒན་བཅས་གཅིག་སྡུད་བྱས་ནས་རིགས་གཅིག་མཁས་ཅན་གྱིས་ཁྲིད་སྟོན་དང་། བཀོལ་སྤྱོད་མཛུབ་ཁྲིད། ཉམས་མྱོང་མཉམ་སྤྱོད། ཕན་ཚུན་རོགས་རམ། ཕན་ཚུན་དཔྱད་བརྗོད་སོགས་ཀྱི་རྣམ་པར་བརྟེན་ནས་དུས་ཚོད་ཐུང་ངུའི་ནང་སློབ་ཁྲིད་ས་ཚིགས་སུ་དགེ་རྒན་ཚོས་སྒྲིག་ཆས་དང་ཐོན་ཁུངས་བེད་སྤྱོད་མགྱོགས་པོ་བྱེད་ཐུབ་པ་མ་ཟད་སློབ་ཁྲིད་རྩལ་ནུས་ཀྱང་གོང་མཐོར་ཆེན་པོ་འགྲོ་ཐུབ་པ་བྱུང་སྟེ་སློབ་གསོའི“མཐའ་མའི་འགག་གནད”ཐག་གཅོད་དངོས་འབྲེལ་ཐུབ་པ་རེད།
         གསོ་སྦྱོང་བྱས་པ་བརྒྱུད་སློབ་ཁྲིད་ས་ཚིགས་ཀྱི་སྒྲིག་ཆས་དང་གྲངས་གཞིའི་ཐོན་ཁུངས་སྤྱོད་ཚད་སྔར་བས་གོང་མཐོར་སོང་ནས་སློབ་གསོ་པུའུ་ཡིས་སློབ་ཁྲིད་ས་ཚིགས་ལ་སློབ་ཚན་ཁག་ཚང་མ་སློབ་ཁྲིད་ལེགས་པར་བྱས་ནས་སློབ་ཁྲིད་ཆུ་ཚད་དང་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་གྱི་ཆ་འཕྲིན་ཅན་དུ་འགྱུར་བའི་སློབ་ཁྲིད་བཀོལ་སྤྱོད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་སློབ་ཁྲིད་ས་ཚིགས་ཀྱི་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།