འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་ཆེན་པོའི་གནས་བབ་སྔར་བས་བརྟན་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་21ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གོང་ཚེས་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་དང་། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཅུན་ཁྲེན། རྒྱལ་ཁབ་དཔར་དབང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡན་ཞའོ་ཧུང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུ་བྱས་ཏེ་རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་འཕེལ་རིམ་གསར་ཤོས་ངོ་སྤྲོད་བྱས་པ་རེད།
         ཤེས་བྱའི་བདག་དབང་འཕར་ཚུལ་བཟང་པོ་རྒྱུན་འཁྱོངས་བྱུང་ཞིང་། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་ཀྱི་འདུན་ཞུ་ཁྲི་279.9ལ་བདག་སྤྲོད་བྱས་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་ཁྲི་100ལས་བརྒལ་ནས་ཁྲི་110.2ཟིན་པ་དེ་དུས་མཚུངས་ལས་18.7%འཕར་བ་དང་། ལོ་ལྔའི་རིང་བསྟུད་མར་འཛམ་གླིང་གི་ཨང་དང་པོར་གནས་ཡོད།
         ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། འབྲེལ་ཡོད་སྡེ་ཚན་ཁག་གིས་སྲིད་འཛིན་གྱི་ཁྲིམས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁྱོན་ཁེ་བེད་བདག་ཐོབ་ཀྱི་སྲིད་འཛིན་གྱོད་གཞི་ཁྲི་3.6ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་46.4%འཕར་བ་དང་། རྒྱལ་ཡོངས་ཀྱི་རིམ་ཁག་བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྱོན་གྱོད་དོན་ཐོ་འགོད་བྱས་ནས་དབང་གནོད་རྫུན་བཟོའི་གྱོད་གཞི་ཁྲི་5.1ཞིབ་བཤེར་རྩད་གཅོད་ཐུབ་པ་དང་གྱོད་གཞི་ཁྲི་4.7ཐག་གཅོད་བྱས་པར་གྱོད་འབྲེལ་དངུལ་གྲངས་སྒོར་དུང་ཕྱུར་7.4ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།