འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་རིམ་བཞིན་འཁྲུག་ཆ་དོད་དུ་འགྲོ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གནམ་གཤིས་དྲོ་རུ་སོང་བ་དང་བསྟུན་ནས་བོད་ཀྱི་ཡུལ་སྐོར་ཁྲོམ་རའང་རིམ་བཞིན་འཁྲུག་ཆ་དོད་དུ་ཕྱིན་ཏེ་ཕོ་བྲང་པོ་ཏ་ལ་དང་། བར་སྐོར། ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།
         ཡུལ་སྐོར་བའི་ཡིད་དབང་འགུག་ཆེད་བོད་ཀྱི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཁག་གིས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ལ་བལྟ་བ་གཟིགས་དང་གཞིས་རྩེའི་ཇོ་མོ་གླང་མ་མཇལ་བ་སོགས་ཀྱི་ཁྱད་ལྡན་ལམ་ཐིག་བཏོད་ཡོད་པས། ཡུལ་སྐོར་བས་རི་ཆུའི་མཛེས་ལྗོངས་སྣ་ཚོགས་སྐོར་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་ཁྱིམ་ནས་ཁྱད་ལྡན་བོད་ཟས་ཀྱི་བྲོ་བ་མྱོང་རོལ་བྱེད་ཐུབ།
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཡུལ་སྐོར་བ་མང་བའི་དུས་ཚིགས་བསུ་ཆེད། བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་བར་མགོ་སྐོར་བ་དང་། ཁ་བསླུས་རྒྱག་པ། བརྡ་ཁྱབ་རྫུས་མ་གཏོང་བ། ཧམ་ཉོ་ཧམ་ཚོང་སོགས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་དང་ཆབས་ཅིག མཛེས་ལྗོངས་ཁུལ་དང་གཙོ་གནད་ཡུལ་སྐོར་ལམ་ཐིག་ཏུ་ཁྲིམས་འཛིན་མི་སྣ་བཏང་ནས། ཞིབ་བཤེར་སྤེལ་མ་བྱས་ཏེ་ས་གནས་ཀྱི་སྲུང་སྐྱོབ་གཏན་འགོག་དང་། ཁྲོམ་རའི་སྒྲིག་ལམ་ཁྱོན་ཡོངས་ནས་བཅོས་སྒྲིག ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།