འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མདོ་ལ་རུ་ནས་ཀྱི་ཐོན་མཐོའི་འགྲེམས་སྟོན་ཁུལ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དཔྱིད་ཀ་ཤར་ཚུན། མཚོ་བྱང་ཀྲོའུ་མདོ་ལ་རྫོང་གིས་དུས་བབ་གསར་པའི་འོག་གི་འབྲུ་རིགས་ས་ཆ་དེ་གར་གསོག་འཇོག་དང་ལག་རྩལ་ལ་བརྟེན་ནས་གསོག་འཇོག་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་བླང་བྱ་ལག་བསྟར་བྱས་ནས་ལག་བསྟར་བྱེད་བཞིན་པའི་ནས་ཀྱི་ཐོན་མཐོ་གཏོད་པའི་རྣམ་གྲངས་གོ་སྐབས་སུ་བྱས་ཏེ་ནས་ཀྱི་ཐོན་མཐོའི་མུའུ་སྟོང་གི་འགྲེམས་སྟོན་ཁུལ་སྐྲུན་པའི་ཁ་གསབ་གྲངས་ཚང་དང་དུས་ཐོག་ཏུ་སྤྲོད་པ་དང་སྣ་ཁ་གཙོ་བོ་དཔེ་སྟོན་ཁྱབ་གདལ་བཏང་ནས་ཐོན་འབབ་མཐོ་བ་དང་ཕན་འབྲས་བཟང་བའི་ལག་རྩལ་གསོ་སྦྱོང་གིས་རྨོ་འདེབས་ལམ་ལུགས་སྒྱུར་བཅོས་ཧུར་ཐག་བྱས་ཏེ་ལྗང་མདོག་ཐོན་འཕར་བྱེད་སྟངས་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།
         མུའུ་སྟོང་གི་འགྲེམས་སྟོན་ཁུལ་འཛུགས་སྐྲུན་ལ་གཡུར་ཟའི་འབྲས་བུ་ཐོབ་པ་བྱ་ཆེད། མདོ་ལ་རྫོང་གིས་གཅིག་སྡུད་ཡུག་འབྲེལ་དང་། གཞི་ཁྱོན་དཔེ་སྟོན། རྫོང་ཡོངས་ལ་ཁྱབ་པ་བཅས་ཀྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་དཔེ་སྟོན་ཁུལ་གདམ་རྒྱུར་སྣང་ཆེན་བྱས་ཏེ་ས་རྒྱུ་གཤིན་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། མང་ཚོགས་ཀྱི་ཧུར་སེམས་ཆེ་བ། ལག་རྩལ་གསར་པ་དང་ལེན་བྱེད་མགྱོགས་པ། དཔེ་སྟོན་སྣེ་འཁྲིད་ཀྱི་ནུས་པ་ལྡན་པ་དང་འོད་དང་། ཆུ། དྲོད། ས་རྒྱུ། གནམ་གཤིས་བཅས་ཀྱི་ཆ་རྐྱེན་བཟང་བའི་རྫ་དམར་ཤང་བྱ་ཐང་གྲོང་ཚོ་འདི་བཞིན་ནས་ཀྱི་ཐོན་མཐོའི་མུའུ་སྟོང་གི་དཔེ་སྟོན་འཛུགས་སྐྲུན་བྱ་ཡུལ་དུ་གཏན་འཁེལ་བྱ་རྒྱུ་རེད།
         དཔེ་སྟོན་ཁུལ་གྱི་སྣོད་བཅུད་ཆ་རྐྱེན་དང་ཐོན་སྐྱེད་ཀྱི་ལེགས་ཆར་གཞིགས་ནས་ནས་ཀྱི་ཐོན་མཐོ་བཏོད་པའི་མུའུ་སྟོང་གི་དཔེ་སྟོན་ཁུལ་སྐྲུན་པའི་བྱེད་སྒོའི་ལག་རྩལ་མཛུབ་ཁྲིད་ཚོགས་ཆུང་འཕྲལ་མར་བཙུགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྐྱེ་དངོས་འདེབས་འཛུགས་དང་ཞིང་ནང་གཡོག་བྱེད་ལག་རྩལ་གྱི་ཇུས་གཞི་བཟོས་ཤིང་། སྣ་ཁ་གཙོ་བོ་དང་ལག་རྩལ་ཁྱབ་གདལ་གཙོ་བོར་དམིགས་ནས་ཚན་རྩལ་མི་སྣ་ཐད་ཀར་དུད་ཚང་དུ་སྐྱོད་པ་དང་། སོན་བཟང་དང་བྱ་ཐབས་གསར་པ་ཐད་ཀར་ཞིང་ནང་དུ་སྤྱོད་པ། ལག་རྩལ་གྱི་གནད་འགག་ཐད་ཀར་མི་སྣར་བསླབས་ནས་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ་པ་བྱས་ཡོད། བརྒྱུད་བཤུག་བྱས་པའི་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་86.7ཙམ་ཡོད་པ་དེ་དག་གཅིག་གྱུར་འདེབས་འཛུགས་དང་། ཐོན་སྐྱེད། དོ་དམ། ཉོ་སྒྲུབ། སྤུས་ཚད་ཚད་ལྡན། ཕྱིར་ཚོང་བཅས་ཀྱི་དོ་དམ་རྣམ་པ་སྤྱད་དེ་ཞིང་པའི་སྣེ་ཁྲིད་དེ་ཞིང་ལས་ཐོན་ལས་རགས་ལས་རྣམ་པ་ནས་ཞིབ་ལས་རྣམ་པ་དང་། ཚད་ལྡན་ཅན། ཐོན་ལས་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་ཏེ་ཞིང་ལས་ལ་ཐོན་འཕར་དང་ཞིང་པར་འབབ་འཕར་ཡོང་བ་བྱས་རེད།
      

    ཕྱོགས་བསྡུས་གསར་འགྱུར།