འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་རྫོང་(གྲོང་ཁྱེར་དང་ཆུས་)15ལ་འོས་འགན་སློབ་གསོ་འཕེལ་རྒྱས་
    སྤྱིར་ན་དོ་སྙོམས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་སློབ་གསོ་པུའི་གཞུང་ཕྱོགས་དྲ་བའི་ཐོག་2015ལོའི་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་སྤྱིར་ན་དོ་སྙོམས་བྱུང་བའི་རྫོང་(གྲོང་ཁྱེར་དང་ཆུས་)གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་རྫོང་(གྲོང་ཁྱེར་)6ཚུད་ཡོད་ཅིང་། དེས་ན་ད་ཆ་མཚོ་སྔོན་ཞིང་ཆེན་གྱི་རྫོང་(གྲོང་ཁྱེར་དང་ཆུས་)15ལ་འོས་འགན་སློབ་གསོ་འཕེལ་རྒྱས་སྤྱིར་ན་དོ་སྙོམས་བྱུང་ཡོད་པ་རེད།
         སློབ་གསོ་པུའི་གཞུང་ཕྱོགས་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་པའི་2015ལོའི་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་སྤྱིར་ན་དོ་སྙོམས་བྱུང་བའི་རྫོང་(གྲོང་ཁྱེར་དང་ཆུས་)མིང་ཐོའི་ནང་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རྫོང་དང་། རྐང་ཚ་རྫོང་། བྲག་དཀར་རྫོང་། གཏེར་ལེན་ཁ་གྲོང་ཁྱེར། གོར་མོ་གྲོང་ཁྱེར། ཐེམ་ཆེན་རྫོང་བཅས་ཚུད་ཡོད། མཚོ་སྔོན་ཞིང་ཆེན་དུ་རྫོང་(གྲོང་ཁྱེར་དང་ཆུས་)15ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་སྤྱིར་ན་དོ་སྙོམས་བྱུང་བའི་དཔྱད་དཔོག་གི་ངོས་འཛིན་ཁས་ལེན་བྱུང་བ་རེད།
         ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་《འོས་འགན་སློབ་གསོའི་བཅའ་ཁྲིམས་》ལག་བསྟར་དང་《འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》དོན་འཁྱོལ་བྱས་ནས་2012ལོར་སློབ་གྲྭ་འབྲིང་ཆུང་གི་བཀོད་སྒྲིག་བྱེད་ཚུལ་གཞི་རྩའི་ཆ་ནས་ལེགས་སྒྲིག་ཐུབ་པ་དང་། སློབ་གྲྭའི་ཉལ་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཞི་རྩའི་ཆ་ནས་མེད་པ་བཟོས་པ། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བ་བྱེད་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་གྲྭའི་དབར་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད། 2013ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་《མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁོངས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་ལག་བསྟར་བྱེད་ཐབས་》བཏོན་པ་དང་འབྲེལ། གྲོང་ཁྱེར་(ཀྲོའུ་)སྲིད་གཞུང་ཁག་དང་《འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་དམིགས་ཚད་འགན་འཁྲིའི་ཡི་གེར་》མིང་རྟགས་བཀོད་ནས་ས་གནས་སྲིད་གཞུང་གིས་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་འགན་འཁྲི་དང་ས་གནས་ཁག་ཏུ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཚད་ཀྱི་དུས་བཀག་སྔར་བས་ཁ་གསལ་བཟོས་པས། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་འགན་ལེན་སྲིད་ཇུས་མ་ལག་དང་ལས་ཀའི་ལམ་སྲོལ་ཞིག་ཆགས་ཡོད། ཞིང་ཆེན་སློབ་གསོ་དང་། འཕེལ་སྒྱུར། ནོར་སྲིད། མི་དོན། སྒྲིག་ཁོངས་སོགས་སྡེ་ཚན་གྱིས་འགན་འཁྲི་ནན་ཏན་འཁུར་ཏེ་མཐུན་སྦྱོར་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱར་བ་གྲུ་འདེགས་བྱས་པ་དང་ས་གནས་རིམ་ཁག་སྲིད་གཞུང་གིས་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་དོན་དངོས་དང་འཚམ་པའི་དོ་དམ་ལམ་སྲོལ་དང་ལས་ཀའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
         ལོ་གསུམ་རིང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར(ཀྲོའུ)4ཡི་རྫོང་(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན་)15ཡི་སྲིད་གཞུང་ལ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་5.16བཏང་བ་དང་། སློབ་གསོའི་འདེགས་སྐྱོར་ཐད་སྤྱོད་པའི་ཁང་པ་སོགས་སློབ་གྲྭའི་ཉལ་ཁང་གསར་སྐྲུན་དང་རྒྱས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་4.22བཏང་བར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་27.49ཟིན་པ་དང་། དགེ་རྒན་698མང་དུ་བཏང་ཡོད་པ་རེད། སློབ་གསོའི་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་བྱས་པ་དང་། འོས་འགན་སློབ་གསོའི་འགན་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་བ་བཅས་ཀྱིས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།