འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲེ་ཅང་དུ་སྐུ་ཕུང་གི་དབང་པོ་ཞལ་འདེབས་སུ་ཕུལ་བའི་འདས་པོ་ཚོར་སྤྱི་སྒྲུབ་འདས་མཆོད་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 16:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲེ་ཅང་དུ་སྐུ་ཕུང་གི་དབང་པོ་ཞལ་འདེབས་སུ་ཕུལ་བའི་འདས་པོ་ཚོར་སྤྱི་སྒྲུབ་འདས་མཆོད་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན་ཀྲེ་ཅང་ཞིང་ཆེན་གྱིས་ཉིང་པོ་གྲོང་ཁྱེར་གྱི་སྐུ་ཕུང་ཞལ་འདེབས་ཕུལ་བར་དྲན་གསོའི་བང་སོ་གླིང་དུ་སྐུ་ཕུང་ཞལ་འདེབས་ཕུལ་མཁན་འདས་པོ་ཚོར་སྤྱི་སྒྲུབ་འདས་མཆོད་བྱེད་སྒོ་སྤེལ་ཞིང་། སྐུ་ཕུང་ཞལ་འདེབས་ཕུལ་མཁན་གྱི་འདས་པོའི་ནང་མི་དང་། དབང་པོ་ཞལ་འདེབས་ཕུལ་བའི་དང་བླངས་པའི་ཞབས་ཞུ་རུ་ཁག དབང་པོ་སྤོ་འཛུགས་སྨན་ཁང་གི་འཐུས་མི་བཅས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ལྡན་པའི་མི་སྣ་100ལྷག་ཙམ་བྱེད་སྒོར་ཞུགས་ཏེ་འདས་པོར་རྗེས་དྲན་ཞུས་པ་རེད།
         ཉིང་པོ་གྲོང་ཁྱེར་གྱི་སྐུ་ཕུང་ཞལ་འདེབས་ཕུལ་བར་དྲན་གསོའི་བང་སོ་གླིང་ནི་ཀྲེང་ཧའེ་ཆུས་ཅིའུ་ལུང་མཚེའུ་ཡི་མཛེས་ལྗོངས་ཁུལ་དུ་ཡོད་ལ། དེ་ནི་ཀྲེ་ཅང་ཞིང་ཆེན་གྱི་སྐུ་ཕུང་ཞལ་འདེབས་ཕུལ་བར་དྲན་གསོའི་བང་སོ་གླིང་ཐོག་མ་ཡིན་པ་མ་ཟད། རྒྱལ་ནང་གི་སྐུ་ཕུང་ཞལ་འདེབས་ཕུལ་བར་དྲན་གསོའི་བང་སོ་གླིང་ཆེ་ཤོས་ཀྱི་ཡ་གྱལ་ཡང་རེད། མིག་སྔའི་བར་དེར་སྐུ་ཕུང་དང་དབང་པོ་ཞལ་འདེབས་སུ་ཕུལ་བའི་འདས་པོ་162ཟིན་པ་རེད།
    ༄༅།།ཀྲེ་ཅང་དུ་སྐུ་ཕུང་གི་དབང་པོ་ཞལ་འདེབས་སུ་ཕུལ་བའི་འདས་པོ་ཚོར་སྤྱི་སྒྲུབ་འདས་མཆོད་བྱེད་པ།
    ༄༅།།ཀྲེ་ཅང་དུ་སྐུ་ཕུང་གི་དབང་པོ་ཞལ་འདེབས་སུ་ཕུལ་བའི་འདས་པོ་ཚོར་སྤྱི་སྒྲུབ་འདས་མཆོད་བྱེད་པ།
    ༄༅།།ཀྲེ་ཅང་དུ་སྐུ་ཕུང་གི་དབང་པོ་ཞལ་འདེབས་སུ་ཕུལ་བའི་འདས་པོ་ཚོར་སྤྱི་སྒྲུབ་འདས་མཆོད་བྱེད་པ།
    ༄༅།།ཀྲེ་ཅང་དུ་སྐུ་ཕུང་གི་དབང་པོ་ཞལ་འདེབས་སུ་ཕུལ་བའི་འདས་པོ་ཚོར་སྤྱི་སྒྲུབ་འདས་མཆོད་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།