འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་བྱང་ཤར་རྒྱུད་ཀྱི་ཁུང་ཙི་སློབ་གླིང་སློབ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ང་ཚོས་ཁུང་ཙིའི་སློབ་གླིང་འདི་ཉིད་ཐེ་ལན་བྱང་ཤར་རྒྱུད་ཀྱི“ཀྲུང་གོའི་སྐད་ཡིག་དང་རིག་གནས་ལྟེ་གནས”ཧུར་ཐག་གཏོད་དེ་རྒྱ་ཡིག་གི་ངོ་མཚར་མེ་ཏོག་སྔར་བས་བཀྲག་མདངས་ཆེ་བ་ཡོང་བ་བྱ་རྒྱུ་ཡིན་ཞེས་ཐེ་ལན་མ་ཧ་ཧྲ་ལ་ཁན་སློབ་ཆེན་ཁུང་ཙེ་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོའན་ཀྲང་ལིན་ཧའོ་ཡེ་ཡིས་ཁུང་ཙེ་སློབ་གླིང་རིག་གནས་བྱེད་སྒོའི་ལྟེ་གནས་ཀྱི་ཡོལ་བ་ཕྱེ་བའི་མཛད་སྒོའི་ཐོག་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད།
         ཟླ་3ཚེས་22ཉིན་གྱི་ཕྱི་དྲོ་ཐེ་ལན་བྱང་ཤར་རྒྱུད་ཀྱི་མ་ཧ་ཧྲ་ལ་ཁན་སློབ་ཆེན་ཁུང་ཙི་སློབ་གླིང་རིག་གནས་བྱེད་སྒོ་ལྟེ་གནས་ཀྱི་ཡོལ་བ་ཕྱེ་བའི་མཛད་སྒོ་དེ་མ་ཧ་ཧྲ་ལ་ཁན་སློབ་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་ཐེ་ལན་གྱི་རྒྱལ་པོའི་སྲས་མོ་ཧྲེ་ལིན་ཐུང་ཆེད་མངགས་དེ་གར་ཕེབས་ནས་རིག་གནས་བྱེད་སྒོའི་ལྟེ་གནས་ཀྱི་ཡོལ་བ་ཕྱེ་བ་རེད། ཐེ་ལན་གྱི་ས་གནས་དེ་གའི་སྲིད་གཞུང་དང་། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དཔོན་རིགས། ཀོང་ཤིས་མི་རིགས་སློབ་ཆེན་གྱི་སློབ་སྤྱི་བཅས་དང་དེ་བཞིན་ཐེ་ལན་དང་། ལོ་སི། ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་ཀྱི་ཁུང་ཙི་སློབ་གླིང་གི་འཐུས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ལྔ་བརྒྱ་ལྷག་ཙམ་ཡོལ་བ་ཕྱེ་བའི་མཛད་སྒོར་ཞུགས་ཡོད་པ་རེད།
         རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་དར་སྤེལ་གཏོང་བ་དང་བསྟུན་ནས་ཐེ་ལན་གྱི་རྒྱལ་པོ་ཚང་དང་སྲིད་གཞུང་དང་མི་དམངས་ཀྱིས་རྒྱ་ཡིག་སློབ་ཁྲིད་ཐད་དེ་བས་མཐོང་ཆེན་བྱས་ཏེ་ཉེ་བའི་ལོ་ཤས་ནང་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པའི་སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད་པ་དང་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་མང་དུ་འབོར་ཆེན་ཕྱིན་ཡོད། ཐེ་ལན་གྱི་ས་གནས་ཁག་ཏུ་ཁུང་ཙི་སློབ་གླིང་14དང་ཁུང་ཙི་སློབ་ཁང་11བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།