འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའུ་གཉིས་ཡོད་པའི་དངོས་མཚོན་གློག་བརྙན་《ཞིང་བྲན་མེད་པ་བཟོས་པ་》ཞེས་པ་ཀྲུང་
    དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཐོག་བསྟན་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་
    བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོ་ནི་ཀྲུང་གོའི་བོད་ལྗོངས་སུ་ཞིང་བྲན་མེད་པ་བཟོས་ནས་ལོ་57འཁོར་བའི་ལོ་ཞིག་ཡིན་ལ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་8པ་དེའང་རེད། གལ་ཆེའི་དུས་སྐབས་དེར་དྲན་གསོ་ཞུ་ཆེད། ཀྲུང་དབྱང་གསར་འགྱུར་དངོས་མཚོན་གློག་བརྙན་བཟོ་གྲྭས་ལེའུ་གཉིས་ཡོད་པའི་ཆེས་གསལ་བའི་གནས་ཚུལ་དངོས་མཚོན་གློག་བརྙན་《ཞིང་བྲན་མེད་པ་བཟོས་པ་》ཞེས་པ་དེ་པར་སྐྲུན་ཟིན་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཐོག་བསྟན་པ་རེད།
         《ཞིང་བྲན་མེད་པ་བཟོས་པ་》ཞེས་པ་དེ་བོད་ཀྱི་ཞིང་བྲན་ལམ་ལུགས་འབྱུང་རྐྱེན་དང་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་གདུག་རྩུབ་མངོན་པ་བྱས་ནས་བོད་ཀྱི་ཞིང་བྲན་མེད་པ་བཟོ་བའི་ལས་འགུལ་གྱིས་བོད་ལྗོངས་དང་བོད་རིགས་སྤུན་ཟླ་དང་དེ་བཞིན་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་གསལ་བཤད་བྱས་པ་དང་ཆབས་ཅིག་བོད་གསར་པའི་འཕེལ་རྒྱས་ཀྱི་གོམ་སྟབས་མངོན་པ་བྱས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དངོས་མཚོན་གློག་བརྙན་དེ་པར་ལེན་ཡག་པོ་བྱ་ཆེད། གློག་བརྙན་འདིའི་ནང་1959ལོར་ཀྲུང་གོའི་བོད་ལྗོངས་ས་ཁུལ་དུ་ཞིང་བྲན་མེད་པ་བཟོ་བའི་དཔྱད་གཞིར་བརྟེན་པ་དང་བོད་ལྗོངས་སུ་ཞིང་བྲན་མེད་པ་བཟོ་བ་དངོས་སུ་མཐོང་མཁན་དང་། དཔང་པོ་བྱེད་མཁན། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁས་དབང་སོགས་ལ་བཅར་འདྲི་བྱས་ནས་བརྗོད་སྟངས་མི་འདྲ་བའི་ཐོག་ནས་ལོ་རྒྱུས་ངོ་མ་སླར་མཚོན་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་བའི་དགོས་ངེས་རང་བཞིན་གསེད་བཀྲོལ། ཞིང་བྲན་མེད་པ་བཟོས་པ་དེས་མི་གཤིས་ལ་བཅིངས་འགྲོལ་གཏོང་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱ་རྒྱུར་བསམ་གཞིག་བྱེད་པ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།