འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཡིད་རྟོན་ཁང་གིས་མ་དངུལ་སྒོར་དུང་ཕྱུར་15བཏང་ནས་ཡུན་ནན་བདེ་
    ཆེན་ཀྲོའུ་ཡི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཡུན་ནན་བདེ་ཆེན་ཀྲོའུ་ཡི་རིམ་ཁག་གྲོང་གསེབ་ཡིད་རྟོན་ཁང་གིས་གྲོང་གསེབ་ཀྱི་དངུལ་རྩའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བདེ་ཆེན་ཀྲོའུ་ཡི་སྤྱི་ཚོགས་རིང་ལུགས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ན་ནིང་ཀྲོའུ་དེའི་དངུལ་ཁང་ལས་རིགས་སྒྲིག་གཞིས་རིམ་རྩིས་བྱས་ན་དངུལ་བུན་སྣ་ཚོགས་སྒོར་དུང་ཕྱུར་60བཏང་བའི་ནང་གྲོང་གསེབ་ཡིད་རྟོན་ཁང་གིས་རིམ་རྩིས་བྱས་ན་དངུལ་བུན་སྣ་ཚོགས་སྒོར་དུང་ཕྱུར་20(ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་15.21ཚུད་པ)བཏང་ཡོད་པ་རེད།
         “གཞི་རིམ་ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་འཁྲིད་དེ་ལས་གཏོད་ཕྱུག་འགྱུར་དངུལ་བུན”ནི་ཞིང་ཨུད་རྩ་འཛུགས་པུའུ་ཡིས་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་ཁང་དང་མཉམ་དུ་ཁྱབ་གདལ་བཏང་བའི་ཡིད་རྟོན་དངུལ་བུན་ལས་སྒོ་རྩེ་གྲ་ཞིག་རེད། ན་ནིང་ཀྲོའུ་དེ་ཡོངས་ཀྱི་རིམ་ཁག་གྲོང་གསེབ་ཡིད་རྟོན་ཁང་གིས་དངུལ་བུན་ལས་སྒོའི་དངུལ་འབོར་དང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་ཡོན་འཕེལ་རྒྱས་དང་ཕྱུག་འགྱུར་ཡོང་རྒྱུར་རྒྱབ་སྐྱོར་བྱས་ནས་ལས་གཏོད་རྣམ་པ་དང་དངོས་སྒྲུབ་རྣམ་པའི་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་དུས་མཚུངས་དངུལ་བུན་གཞན་དག་སྤྲོད་པ་དང“དངུལ་བུན་རྒྱབ་སྐྱོར་དང་། ཁྲལ་གྲོན་ཆག་ཡང་དང་རྩ་ཆག མ་དངུལ་ཁ་གསབ་བཅས”ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། ན་ནིང་ཟླ་བདུན་པའི་ཟླ་མཇུག་བར་ལས་གཏོད་ཕྱུག་འགྱུར་དངུལ་བུན་ལོ་རེར་སྤྲོད་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ནས་རིམ་རྩིས་བྱས་ན་དུད་ཚང་191ལ་དངུལ་བུན་སྒོར་ཁྲི་2000བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།