འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་15བསྟུད་མར་མཚོ་སྔོན་དུ་རྨོ་ཞིང་བཟུང་བའི་ཁ་གསབ་སྤྲོད་རྒྱུ་དོ་སྙོམས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ཀྱི་དོན་འཁྱོལ་བྱས་པ་བརྒྱུད། 2015ལོར་མཚོ་སྔོན་གྱི་རྨོ་ཞིང་མུའུ་ཁྲི་810དང་གཞི་རྩའི་ཞིང་ཁ་མུའུ་ཁྲི་651སྲུང་སྐྱོང་དམིགས་ཚད་ཀྱི་གྲངས་འབོར་ཉུང་དུ་ཕྱིན་མེད་ཀྱང་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་རེད། དེར་བརྟེན་མཚོ་སྔོན་དུ་ལོ་15བསྟུད་མར་རྨོ་ཞིང་ཇི་ཙམ་བཟུང་བ་དེ་ཙམ་གྱིས་ཁ་གསབ་སྤྲོ་རྒྱུ་དོ་སྙོམས་བྱུང་ཡོད་པ་རེད།
         མཚོ་སྔོན་གྱི་ས་རྒྱ་ཧ་ཅང་ཆེན་པོ་ཡོད་ཀྱང་། རྨོ་ཞིང་གི་རྒྱ་ཁྱོན་ཆུང་ཆུང་ལས། ས་རྒྱུ་ཞན་པའི་ས་ཞིང་ཆེ་བ་དང་སྤུས་ལེགས་ཀྱིས་ས་ཞིང་ཉུང་ཉུང་ཡིན་པ་རེད། གཞན་ཡང་མཚོ་སྔོན་གྱི་རྨོ་ཞིང་མང་ཆེ་བ་དཔལ་འབྱོར་འཕེལ་རྒྱས་བལྟོས་བཅས་ཀྱིས་དར་རྒྱས་ཆེ་བའི་རྨ་ཆུའི་འབབ་རྒྱུད་དང་ཙོང་ཆུའི་ངོགས་གཉིས་ཀྱི་ཤར་རྒྱུད་ས་ཁུལ་དུ་གནས་པ་དང་། ས་ཁུལ་དེ་དག་ནི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་རྨོ་ཞིང་བཟུང་ཚད་མང་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། དེར་བརྟེན་ཉེ་བའི་ལོ་ཤས་རིང་ས་ཆ་མཁོ་སྤྲོད་ཀྱི་འགལ་ཟླ་ཉིན་རེ་ལས་མ་འདས་པར་ཆེ་རུ་སོང་བ་དང་རྨོ་ཞིང་སྲུང་སྐྱོང་གི་གནོན་ཤུགས་ཆེན་རུ་སོང་ཡོད།
         མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ཐིང་ཀྲང་ལིན་ཡ་སུང་གིས་2015ལོར་ཀྲོའུ་དང་རྫོང་ཁག་གི་སྲིད་གཞུང་ལ་རྨོ་ཞིང་ཇི་ཙམ་བཟུང་བ་དེ་ཙམ་གྱིས་ཁ་གསབ་སྤྲོད་རྒྱུ་དོ་སྙོམས་ཡོང་བའི་བྱེད་པོའི་འགན་འཁྲི་ཁུར་ཏེ་རྨོ་ཞིང་གསར་སྦོལ་འགྲོ་གྲོན་གྱི་འབྲེལ་ཡོད་ཚད་གཞི་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་རྨོ་ཞིང་ཇི་ཙམ་བཟུང་བ་དེ་ཙམ་གྱིས་ཁ་གསབ་སྤྲོད་རྒྱུའི་དམིགས་ཚད་ཉོ་ཚོང་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ་ཡུན་རིང་གི་གཞི་རྩའི་ཞིང་ཁ་དབྱེ་འབྱེད་ལས་དོན་སྤེལ་ནས་ཡུན་རིང་གི་གཞི་རྩའི་ཞིང་ཁ་དབྱེ་འབྱེད་ལས་དོན་གྱི་ཇུས་གཞི་བཏོན་པའི་ནང་ཟི་ལིང་གྲོང་ཁྱེར་གྱི་ཡུན་རིང་གི་གཞི་རྩའི་ཞིང་ཁ་དབྱེ་འབྱེད་ཞིབ་བསྡུར་དཔང་སྟོན་ལས་དོན་ལ་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་ཞིང་ལས་པུའུ་ཡི་ཞིབ་བཤེར་གཏན་འབེབས་བྱས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གིས་མ་དངུལ་སྒོར་དུང་ཕྱུར་5.9བརྩོན་ལེན་བྱས་ཏེ་ས་ཆ་བཅོས་སྒྲིག་རྣམ་གྲངས་15ལག་བསྟར་བྱས་པ་དང་རྨོ་ཞིང་མུའུ་ཁྲི་22.54བཅོས་སྒྲིག་བྱས་པས། ཚད་གཞི་མཐོ་བའི་གཞི་རྩའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་མ་ཐེབས་ཡོད། གཞན་ཡང་རྨོ་ཞིང་གི་སྤུས་ཚད་རིམ་དབྱེའི་ཚོད་སྐོར་གསར་བརྗེ་དང་ལྟ་སྐུལ་ཞིབ་དཔྱད་ལས་དོན་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་ཐུབ་ནས་ཆོག་མཆན་ཐོབ་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དགུའི་གྲས་ཤིག་ཏུ་གྱུར་ཡོད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མཚོ་སྔོན་གྱིས་རྨོ་ཞིང་ཇི་ཙམ་བཟུང་བ་དེ་ཙམ་གྱིས་ཁ་གསབ་སྤྲོད་རྒྱུ་དོ་སྙོམས་ཡོང་བའི་རྣམ་གྲངས་49ལག་བསྟར་བྱས་པས་རྨོ་ཞིང་མུའུ་ཁྲི་25.92མང་དུ་ཕྱིན་ནས་རྨོ་ཞིང་ཇི་ཙམ་བཟུང་བ་དེ་ཙམ་གྱིས་ཁ་གསབ་སྤྲོད་རྒྱུ་དོ་སྙོམས་ཡོང་བའི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ས་ཆ་བཅོས་སྒྲིག་རྣམ་གྲངས་106ལག་བསྟར་བྱས་པ། འཛུགས་སྐྲུན་གཞི་ཁྱོན་མུའུ་ཁྲི་107ཟིན་པ། ས་ཞིང་མུའུ་ཁྲི་20.78འཕར་སྣོན་བྱུང་བ། མུའུ་ཁྲི་ཡུག་སྦྲེལ་གྱི་གཞི་རྩའི་ས་ཞིང་གཅིག་སྡུད་ཁུལ་30ཆགས་པས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རྒྱལ་ཁབ་ཀྱིས་མཚོ་སྔོན་ལ་གཤམ་སྤྲོད་བྱས་པའི་ཚད་གཞི་མཐོ་བའི་གཞི་རྩའི་ས་ཞིང་མུའུ་ཁྲི་120འཛུགས་སྐྲུན་བྱ་རྒྱུའི་ལས་འགན་ལེགས་པར་བསྒྲུབས་ཡོད།
         ལིན་ཡ་སུང་གིས་འདི་ལོ་མཚོ་སྔོན་གྱིས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་མུ་མཐུད་ལག་བསྟར་དང་། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་། ཡུན་རིང་གི་གཞི་རྩའི་ས་ཞིང་དབྱེ་འབྱེད་ལས་དོན་ལེགས་སྒྲུབ། གྲོང་གསེབ་ཀྱི་ས་ཆ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་མཐོ་བའི་གཞི་རྩའི་ས་ཞིང་འཛུགས་སྐྲུན་བཅས་བྱས་ནས་ཞིང་ཆེན་ཡོངས་སུ་མུའུ་ཁྲི་60ཡི་ཚད་གཞི་མཐོ་བའི་གཞི་རྩའི་ས་ཞིང་འཛུགས་སྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།