འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཀན་ལྷོའི“རྨ་ཆུའི་འབྲི་གཡག”དང“རྨ་ཆུའི་དངུལ་རྭའི་ལུག”ལ་ས་ཁམས་
    མཚོན་རྟགས་ཀྱི་དཔྱད་ཞིབ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཞིང་ལས་པུའུ་ཡིས་སྒྲིག་འཛུགས་བྱས་ནས་འཚོགས་པའི“2016ལོའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་བཀོད་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ཚོགས་འདུ་ཐེངས་དང་པོའི”ཐོག་ཀན་སུའུ་ཀན་ལྷོ་ཀྲོའུ་ཡིས་རེ་ཞུ་བྱས་པའི“རྨ་ཆུའི་འབྲི་གཡག”དང་“རྨ་ཆུའི་དངུལ་རྭའི་ལུག”ལ་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བདེ་བླག་ངང་ཐོབ་པ་རེད།
         དཔྱད་ཞིབ་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་གྱིས་སྔོན་ལ་ཞིབ་དཔྱད་བྱས་པ་དང་། རེ་ཞུ་ཚན་པའི་འཐུས་མིས་སྙན་ཞུ་ཚོད་འདེབས་བྱས་པ། མཉམ་གྲོས་བྱས་ནས་བརྡས་ཐག་བཅད་རྗེས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས“རྨ་ཆུའི་འབྲི་གཡག”དང་“རྨ་ཆུའི་དངུལ་རྭའི་ལུག”ཐོན་སའི་ཁོར་ཡུག་དམིགས་བསལ་དང་། ཐོན་སྐྱེད་བྱེད་ཐབས་དམིགས་བསལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ། ཕྱི་ངོས་ཀྱི་ཚོར་དབང་དང་ནང་ངོས་ཀྱི་སྤུས་ཚད་ལ་མངོན་གསལ་དོད་པའི་འདྲ་བཟོའི་རང་བཞིན་ལྡན་པས་འབྲེལ་ཡོད་ཕྱོགས་ཐད་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་བཀོད་ཀྱི་རེ་བ་དང་མཐུན་ཡོད་པས་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ཐོབ་ཅིང་། དེ་ནི་རྨ་ཆུ་རྫོང་དང་ཀྲོའུ་ཡོངས་ཀྱི་ཞིང་ལས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱས་པའི་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་ཐོག་མ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།