འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུར་ལམ་རྫོང་གིས་འབྲོག་ཁུལ་གྱི་མི་ཕྱུགས་འཐུང་ཆུའི་གནད་དོན་ལ་ཐབས་
    དང་ཇུས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་ཀའུ་ལི་ཤང་གིས“ཞབས་ཞུར་སྣེ་ཁྲིད་བྱ་རྒྱུ”དེ་ལས་ཀའི་གཙོ་གནད་དུ་བཟུང་སྟེ“སྣེ་ཁྲིད་གསུམ་དང་སྐུལ་འདེད་གསུམ”གྱི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་བར་རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད།
          ཀའུ་ལི་ཤང་གིས་ཉེ་དུས་ཤང་ཁོངས་སུ་དུས་ཡུན་རིང་པོ་ཆར་པ་མ་བབས་སྟབས་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་དེ་མིག་སྔར་འབྲོག་པ་ཚོར་འཕྲད་པའི་དཀའ་གནད་ཆེ་ཤོས་དངོས་ལ་དམིགས་ནས། ཉེ་ཆར་ལས་བྱེད་པ་ཚོགས་ཆུང་ཁག་བགོས་ཀྱིས་གྲོང་ཚོར་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་ཏེ་འབྲོག་ཁུལ་གྱི་གྲོང་ཚོ་ཁག་དང་ས་ཁུལ་ཁག་གི་འཕྲུལ་ཁྲོན་འཁོར་སྐྱོད་བྱ་ཚུལ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད། གྲལ་བཤེར་བྱས་པ་བརྒྱུད། འབྲོག་ཁུལ་གྱི་འཕྲུལ་ཁྲོན་མང་ཆེ་བ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་ནས་ཐན་སྐྱོན་དུས་སུ་འབྲོག་ཁུལ་མི་ཕྱུགས་ཀྱི་རྒྱུན་གཏན་གྱི་འཐུང་ཆུ་འགན་ལེན་ཐུབ་ཡོད། འོན་ཀྱང་ས་ཁུལ་མང་པོ་ཞིག་གི་འཕྲུལ་ཁྲོན་གྱི་ཆུ་འཐེན་འཕྲུལ་འཁོར་ལ་སྐྱོན་ཆག་བྱུང་བ་དང་ཆུ་འདྲེན་སྦུགས་ལམ་ཆ་ཤས་སྡིབ་པ་སོགས་ཀྱི་གནད་དོན་དང་འཕྲུལ་ཁྲོན་གྱི་གློག་འདྲེན་སྐུད་ལམ་རྙིང་པ་ཆག་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྷག་ཡོད།
         འཕྲུལ་ཁྲོན་ལ་ལྷག་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་ཆེད། ཀའུ་ལི་ཤང་གིས་ལས་ཁུངས་ཀྱི་ལས་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པ། ཏང་ཡོན་དང་བླངས་པ་བཅས་སྒྲིག་འཛུགས་བྱས་ཏེ་ར་ལུང་གྲོང་ཚོ་དང་ཀྲེ་ཡུས་གྲོང་ཚོའི་ས་ཁུལ་ཁག་གི་སྡིབ་པའི་སྦུགས་ལམ་བསྣན་པ་དང་། འཕྲུལ་ཁྲོན་ཁག་གཅིག་གི་སྐྱོན་ཆག་ཏུ་སོང་བའི་གཅུས་པུར་དང་རྙིང་པ་ཆག་པའི་གློག་ལམ་གསར་བརྗེས་བྱས་པས་ས་ཁུལ་ཁག་གི་འཕྲུལ་ཁྲོན་ཚང་མ་ནས་གཞི་རྩའི་ཆར་ཆུ་དོན་པ་དང་འབྲོག་པ་ཚང་མར་འཐུང་ཆུ་འཐུང་རྒྱུ་ཡོང་བའི་འགན་ལེན་བྱུང་ཡོད། ཞིའུ་མའོ་གྲོང་ཚོའི་ལུང་ཧྲེ་ཀེང་ས་ཁུལ་གྱི་འཕྲུལ་ཁྲོན་ལ་སྐྱོན་ཆགས་ཚབས་ཆེན་བྱུང་ཡང་ཆེད་ལས་མིན་པའི་མི་སྣས་ཉམས་བཟོ་བྱེད་མི་ཐུབ་པའི་གནད་དོན་ལ་དམིགས་ནས། ཀའུ་ལི་ཤང་གི“སྣེ་ཁྲིད་གསུམ་དང་སྐུལ་འདེད་གསུམ”གྱི་བྱེད་སྒོའི་ཞིའུ་མའོ་གྲོང་ཚོའི་དྲིལ་བསྒྲགས་ཚོགས་ཆུང་དང་ཞིའུ་མའོ་གྲོང་ཚོར་བཅའ་སྡོད་གྲོང་ཚོའི“ཧྲུའུ་ཅི་དང་པོས”འཕྲུལ་ཁྲོན་ཉམས་བཟོའི་མ་དངུལ་སྒོར་1000དོན་འཁྱོལ་བྱས་ནས་ཤང་རི་ཏེ་གྲོང་རྡལ་གྱི་ཆེད་ལས་ཆུ་ཀ་ལ་ཉམས་བཟོ་བྱེད་མཁན་དང་འབྲེལ་གཏུག་བྱས་ཏེ་ཞིའུ་མའོ་གྲོང་ཚོའི་ལུང་ཧྲེ་ཀེང་གི་སྐྱོན་ཆག་བྱུང་བའི་འཕྲུལ་ཁྲུན་དུས་ཐོག་ཏུ་ཉམས་བཟོ་བྱས་ནས་ལུང་ཧྲེ་ཀེང་ས་ཁུལ་གྱི་རྒྱུན་སྡོད་དུད་ཚང་20ཡི་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།