འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོར་ཆང་བཏུངས་ནས་རྐང་འཁོར་བཞོན་ཚེ་ཉེས་ཆད་མཐོ་ཤོས་ཧན་སྒོར་ཁྲི་20གཅོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཆང་འཐུང་ནས་འཕྲུལ་སྒུལ་འཁོར་རིགས་གཏོང་བ་ནི་སྤྱི་དམངས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཅིག་ཡིན་པར་བརྟེན་རྒྱལ་ཁབ་ཁག་ཏུ་དེའི་ཐད་ཆད་པ་ནན་པོ་ཕོག་གི་ཡོད། ཨ་རག་གི་རིག་གནས་ཧ་ཅང་ཟབ་མོ་ལྡན་པའི་ཧན་གོར་ཉེ་དུས་ཧན་གོ་སྲིད་གཞུང་གིས་ཕྱིན་ཆད་ཆང་བཏུངས་ནས་རྐང་འཁོར་བཞོན་ཚེ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་མ་ཟད་ཉེས་ཆད་ལྕི་པོའང་གཅོད་རྒྱུ་རེད་ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཧན་གོར་ཆང་བཏུངས་འཁོར་གཏོང་གི་ཚད་གཞི་ཁག་གཉིས་ལ་དབྱེ་བ་སྟེ། ཁྲག་རྒྱུན་ནང་ཨ་རག་གི་ཉིང་ཁུའི་གར་ཚད་0.05%ཡན་ལྡན་པ་ཞིབ་བཤེར་ཐུབ་ཚེ་དེ་ནི“ར་བཟི་བའི་ཁོངས་སུ་གཏོགས་པ”དང་། ཨ་རག་གི་ཉིང་ཁུའི་གར་ཚད་0.1%ལས་བརྒལ་རིགས“ར་རྦད་དེ་བཟི་བའི་ཁོངས་སུ་གཏོགས”ཀྱི་ཡོད། དེ་ནི་སྐྱེས་པ་དར་མ་ཞིག་གིས་ཨ་རག་པེ་ཙི་གཉིས་བཏུངས་ནས་ཆུ་ཚོད་གཅིག་སོང་རྗེས་ཀྱི་སྣང་ཚུལ་དང་འདྲ་པོ་ཡོད། ཆང་བཏུངས་འཁོར་གཏོང་རིགས་གཉིས་ཀྱི་ཆད་པ་ཕོག་པའི་ཚད་གཞི་མི་འདྲ་སྟེ། ཁྲག་རྒྱུན་ནང་ཨ་རག་གི་ཉིང་ཁུའི་གར་ཚད་0.05%ནས་0.1%བར་ཟིན་རིགས་ལ་ཉེས་དོན་ཐོ་འགོད་བྱ་རྒྱུ་མ་ཟད་ཉིན་100ནང་རླངས་འཁོར་གཏོང་མི་ཆོག་པ་དང་། ཨ་རག་ཉིང་ཁུའི་གར་ཚད་0.1%ལས་བརྒལ་རིགས་གྱོད་དོན་ཐོ་འགོད་བྱ་རྒྱུ་མ་ཟད་རླངས་འཁོར་གཏོང་བའི་ལག་ཁྱེར་མེད་པ་བཟོ་རྒྱུ་དང་། གལ་ཏེ་དོ་བདག་གིས་ཞིབ་བཤེར་ལ་གཞོགས་འདེགས་མ་བྱས་ཚེ་ཚང་མ་ར་རྦད་དེ་བཟི་བར་བརྩིས་ནས་ཐག་གཅོད་བྱེད་ཀྱི་ཡོད། དེའི་ཁྲོད་བཏོན་པའི་ཉེས་དོན་ཐོ་འགོད་བྱས་རྗེས་ཟེར་བ་དེར་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་ཧན་སྒོར་ཁྲི་1000(མི་དམངས་ཤོག་སྒོར་ཁྲི་6ཟིན་པ)མན་གྱི་ཆད་པ་གཅོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།