འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་སྐྱས་སྤོས་རྩྭ་གསོའི་
    རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཞིང་ཆེན་དེའི་སྣོད་བཅུད་སྲུང་སྐྱོང་འཆར་འགོད་གསར་ཤོས་ལྟར་2020ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་སྐྱས་སྤོས་རྩྭ་གསོ་སྤྱི་ལེ་ངོས་གྲུ་ཁྲི་12.85བྱ་རྒྱུ་ཡིན་པ་རེད།
         གཙང་གསུམ་ཆུ་འགོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས་ཨེ་ཤེ་ཡའི་ཆུ་འགོ་གལ་ཆེན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དུས་རབས་གོང་མའི་དུས་མཇུག་ཏུ་མིའི་རིགས་ཀྱི་བྱེད་སྒོ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་དེ་གའི་རྩྭ་ཐང་གི་རྒྱ་ཁྱོན་རིམ་བཞིན་ཆུང་དུ་ཕྱིན་པ་དང་། མཚེའུ་དང་གཙང་པོ་སྐམ་འགོ་ཚུགས།
         མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཞའོ་ནན་གྱིས་སྣོད་བཅུད་སྲུང་སྐྱོང་བྱ་ཆེད་2005ལོ་ནས་ད་བར་གཙང་གསུམ་ཆུ་འགོའི་ཉེ་འདབས་ཀྱི་འབྲོག་པ་ཁྲི་10གནས་སྤོ་བྱས་པ་དང་། ཞིང་འབྲོག་པ་དུད་ཚང་ཁྲི་70ལྷག་ཙམ་གྱིས་རང་འགུལ་ངང་ནོར་ལུག་གསོ་ཚགས་གྲངས་འབོར་ཉུང་དུ་བཏང་ཡོད། དུས་མཚུངས་རྒྱལ་ཁབ་ལ་མི་ཐབས་ལ་བརྟེན་ནས་རྩྭ་གསབ་འདེབས་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་རོགས་བྱས་པས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་རྩྭ་དང་རྩི་ཤིང་བརྟན་པོའི་ངང་སླར་གསོ་ཡོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         དུས་མཚུངས་མཚོ་སྔོན་གྱིས་ནོར་ལུག་རྐང་དངུལ་དུ་བརྩི་བ་དང་གཅིག་སྡུད་གསོ་ཚགས་ཀྱི་བྱེད་ཐབས་བརྒྱུད་དེ་སྐྱས་སྤོས་རྩྭ་གསོ་བྱས་པའི་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་ཡོད། མིག་སྔར་ཞིང་ཆེན་དེའི་འབྲོག་ལས་རྐྱང་པའི་གྲོང་ཚོ་883དུ་སྐྱེ་ལྡན་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་ཁྱོན་ཡོངས་ནས་ཁྱབ་པ་དང་སྣོད་བཅུད་ཁ་གསབ་ལག་བསྟར་བྱས་ཏེ་2011ལོ་ནས་ད་བར་གཙང་གསུམ་ཆུ་འགོའི་ཞིང་འབྲོག་པར་རྒྱལ་ཁབ་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་97བྱུང་ཡོད།
         “མིག་སྔར་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་མཚོ་སྔོན་དུ་རགས་ཙམ་ཆགས་ཡོད” རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་སྔོན་ལ་ལག་བསྟར་བྱས་པའི་དཔེ་སྟོན་ཁུལ་ཡིན་པའི་མཚོ་སྔོན་གྱིས་སླད་ཕྱིན་གཙང་གསུམ་ཆུ་འགོ་མུ་མཐུད་ལྟེ་བར་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་། ཁ་གསབ། བྱ་དགའ་སོགས་ཀྱི་ལམ་སྲོལ་ཐད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་ས་ཁུལ་གཞན་དག་ལ་དཔྱད་གཞི་འཛིན་ས་བཏོན་ཡོད་ཅེས་ལི་ཞའོ་ནན་གྱིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།