འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཁག་བཅུ་བཞི་པའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་
    མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་གཟེངས་རྟགས”ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཁག་བཅུ་བཞི་པའི་ཞི་བདེ་སྲུང་སྐྱོང་གི་དཔོན་དམག་ཡོངས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་གཟེངས་རྟགས”ཐོབ་ཅིང་། ལེ་པ་ནོན་ལྷོ་རྒྱུད་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་(མཉམ་འབྲེལ་རྒྱལ་ཚོགས་ལི་པ་ནོན་གྱི་དཔུང་སྡེ་)སི་ལིང་པོའར་ཐུའོ་ལ་ནུའོ་དང་ལི་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཅང་སོགས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།
         གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེ་ལེ་པ་ནོན་ལྷོ་རྒྱུད་ཀྱི་ཤིས་ཉི་ཡ་གྲོང་ཚོར་ཡོད་པའི་ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་དམག་སྒར་དུ་སྤེལ་ཞིང་། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་སྡེའི་དེ་མིན་རྒྱལ་ཁབ་40ལྷག་ཙམ་གྱི་ཞི་བདེ་སྲུང་སྐྱོང་བྱེད་མཁན་དམག་མི་དང་། ལེ་པ་ནོན་སྲིད་གཞུང་གི་འགོ་ཁྲིད། ས་གནས་མང་ཚོགས་བཅས་ཀྱི་ཐུན་མོང་གི་དཔང་པོའི་འོག་ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ནུས་མང་བཟོ་སྐྲུན་དམག་གི་ཡན་ལག་རུ་ཁག་དང་། འཛུགས་སྐྲུན་བཟོ་སྐྲུན་དམག་གི་ཡན་ལག་རུ་ཁག སྨན་བཅོས་ཡན་ལག་རུ་ཁག་བཅས་ཀྱི་དཔོན་དམག་410ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟི་བརྗིད་གཟེངས་རྟགས”སྤྲད་པ་རེད།
         གཟེངས་རྟགས་ཐོབ་པའི་དཔོན་དམག་410དེ་དག་ནི་ཀྲུང་གོ་སྐམ་དམག་འབུམ་ཤོག་14པ་དང་། སྐམ་དམག་འབུམ་ཤོག་13པ། བཅིངས་འགྲོལ་དམག་ཁུན་མིང་སྤྱི་ཁྱབ་སྨན་ཁང་བཅས་ནས་ཡིན་ཞིང་། ཁོང་ཚོ་ན་ནིང་གི་ཟླ་ལྔ་པར་ལས་འགན་ཁུལ་དུ་འབྱོར་ཚུན་ས་འོག་འབར་མདེལ་མེད་པ་བཟོ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་མཚམས་ཕྱེ་བའི་ལེ་པ་ནོན་དང་། དབྱི་སི་རལ་གྱི་ས་མཚམས་བརྒྱུད་ཀྱི་གྲོང་ཚོ་དང་དེ་བཞིན་ལས་གྲྭ་འཛུགས་སྐྲུན་དང་སྨན་བཅོས་རོགས་སྐྱོབ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱས་པ་དེ་ཐོག་ནས་ཀྲུང་གོའི་དམག་མིའི་འགན་འཁྲི་དང་འགན་འཁུར་ཕོད་པའི་སྙིང་སྟོབས་མཚོན་པ་མ་ཟད། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེའི་སི་ལིང་པུའུ་དང་ལེ་པ་ནོན་སྲིད་གཞུང་དང་དེ་བཞིན་ས་གནས་དེའི་མང་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།