འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་སིལ་ཚོང་དང་ནང་འདྲེན་གྱི་ཁྲལ་བསྡུའི་སྲིད་ཇུས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2016ལོའི་ཟླ་4ཚེས་8ཉིན་ནས་བཟུང་རང་རྒྱལ་གྱིས་རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་སིལ་ཚོང་(ཁེ་ལས་ཀྱིས་འཛད་སྤྱོད་པར་དམིགས་པ་སྟེ་B2C)ནང་འདྲེན་གྱི་ཁྲལ་བསྡུའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་མ་ཟད། རྡོག་ཁྲེས་དང་སྦྲག་བསྐུར་གི་ཁྲལ་བསྡུའི་སྲིད་ཇུས་དུས་གཅིག་ཏུ་ལེགས་སྒྲིག་ཀྱང་བྱ་རྒྱུ་རེད།
         ཁྲལ་བསྡུའི་སྲིད་ཇུས་གསར་པ་དེས་རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་སིལ་ཚོང་དང་ནང་འདྲེན་ཚོང་ཟོག་ལ་དངོས་ཟོག་གི་འགག་སྒོའི་དཔྱ་ཁྲལ་དང་ནང་འདྲེན་ལྷུ་ཚིགས་ཀྱི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་གཞིར་བཟུང་བསྡུ་རྒྱུ་རེད། དེ་དང་ཆབས་ཅིག་འཛད་སྤྱོད་པ་མང་ཆེ་བའི་ལུགས་མཐུན་འཛད་སྤྱོད་ཀྱི་དགོས་མཁོར་བསམ་གཞིག་བྱས་ནས་སྲིད་ཇུས་དེས་ཉོ་ཚོང་བྱེད་ཐེངས་གཅིག་གི་ཚད་བཀག་རིན་ཐང་དེ་རྡོག་ཁྲེས་དང་སྦྲག་བསྐུར་གྱི་ཁྲལ་བསྡུའི་སྲིད་ཇུས་ཁྲོད་ཀྱི་སྒོར་1000(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་གྱི་སྒོར་800དང་མཚུངས་)ནས་སྒོར་2000བར་སྤོར་རྒྱུ་དང་ཆབས་ཅིག་མི་སྒེར་གྱི་ལོ་འཁོར་གྱི་ཉོ་ཚོང་ཚད་བཀག་རིན་ཐང་སྒོར་20000བཟོ་རྒྱུ་རེད།
         དེ་དང་དུས་མཚུངས་དཔྱ་ཁྲལ་གྱི་རྣམ་གྲངས་གྲུབ་ཆ་ལེགས་སུ་བཏང་སྟེ་འགྲུལ་པ་དང་འཛད་སྤྱོད་པར་རེ་ཞུ་དང་ཁྲལ་འཇལ་ཐད་སྟབས་བདེ་བསྐྲུན་ནས་འགག་སྒྲོལ་ལས་ཕྱོད་ཆེ་རུ་གཏོང་ཆེད། རང་རྒྱལ་གྱིས་རྡོག་ཁྲེས་དང་སྦྲག་བསྐུར་གྱི་ཁྲལ་བསྡུའི་སྲིད་ཇུས་དུས་གཅིག་ཏུ་ལེགས་སྒྲིག་བྱ་རྒྱུ་དང་མིག་སྔའི་དཔྱ་ཁྲལ་གྱི་རྣམ་གྲངས་རིམ་པ་བཞི་དེ་དག་རིམ་པ་གསུམ་ལ་ལེགས་སྒྲིག་བྱ་རྒྱུ་རེད། དེའི་ནང་དཔྱ་ཁྲལ་གྱི་རྣམ་གྲངས་དང་པོ་ནི་གཙོ་བོ་རྒྱལ་ཁབ་ལ་ཕན་ཐོགས་ཆེ་ཤོས་ཀྱི་ཁྲལ་གང་ཡང་བསྡུ་མི་དགོས་པའི་ཚོང་ཟོག་ཡིན་པ་དང་དཔྱ་ཁྲལ་རྣམ་གྲངས་གསུམ་པ་ནི་གཙོ་བོ་འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་རིམ་པ་མཐོ་ཤོས་ཀྱི་འཛད་སྤྱོད་དངོས་རྫས་ཡིན། ཚོང་ཟོག་གཞན་དག་དཔྱ་ཁྲལ་རྣམ་གྲངས་གཉིས་པའི་ནང་འཇུག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།