འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྒེར་གྱིས་ལོ་2ཡན་གྱི་སྤྱིར་བཏང་གི་སྡོད་ཁང་ནང་བཤུག་གཏོང་བར་རིན་ཐང་འཕར་
    མའི་ཁྲལ་བསྡུ་རྒྱུ་མིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་ཁྲལ་ལ་བསྒྱུར་རྒྱུ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བའི་ཞིབ་སྲོལ་ལས་མངོན་པར། སྒེར་གྱིས་ཉོས་ནས་ལོ་2མ་སོང་བའི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་5%ཡི་ཚད་གཞི་གཞིར་བཟུང་རིན་ཐང་འཕར་མའི་ཁྲལ་གྲངས་ཚང་བསྡུ་རྒྱུ་དང་། སྒེར་གྱིས་ཉོས་ནས་ལོ་2ཡན་(ལོ་2ཚུད)སོང་བའི་སྤྱིར་བཏང་གི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་རིན་ཐང་འཕར་མའི་ཁྲལ་བསྡུ་རྒྱུ་མིན་པ་རེད།
         པུའུ་གཉིས་ཀྱིས་ཁྱབ་བསྒྲགས་བྱས་པའི་《ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་ཁྲལ་ལ་བསྒྱུར་བའི་ཚོད་ལྟའི་བར་བརྒལ་སྲིད་ཇུས་ཀྱི་གཏན་འབེབས》གསར་ཤོས་ཀྱིས་སྒེར་གྱི་སྡོད་ཁང་ནང་བཤུག་གཏོང་བར་ཁྱད་པར་ཡོད་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པའི་ནང་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེང་བཅས་ཕུད་པའི་གྲོང་ཁྱེར་ཆེ་གྲས་མིན་པར་སྒེར་གྱིས་ཉོས་ནས་ལོ་2མ་སོང་བའི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་5%ཡི་ཚད་གཞི་གཞིར་བཟུང་རིན་ཐང་འཕར་མའི་ཁྲལ་གྲངས་ཚང་བསྡུ་རྒྱུ་དང་། སྒེར་གྱིས་ཉོས་ནས་ལོ་2ཡན་(ལོ་2ཚུད)སོང་བའི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་རིན་ཐང་འཕར་མའི་ཁྲལ་བསྡུ་རྒྱུ་མིན་པའི་གཏན་འབེབས་བྱས་ཡོད་པ་རེད།
         པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེང་བཅས་གྲོང་ཁྱེར་བཞིར་སྒེར་གྱིས་ཉོས་ནས་ལོ་2མ་སོང་བའི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་5%ཡི་ཚད་གཞི་གཞིར་བཟུང་རིན་ཐང་འཕར་མའི་ཁྲལ་གྲངས་ཚང་བསྡུ་རྒྱུ་དང་། སྒེར་གྱིས་ཉོས་ནས་ལོ་2ཡན་(ལོ་2ཚུད)སོང་བའི་སྤྱིར་བཏང་མིན་པའི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་བྲིན་ཚོང་ཡོང་འབབ་ནས་སྡོད་ཁང་ཉོ་བའི་རིན་གོང་འཐེན་རྗེས་ཀྱི་ཁྱད་གྲངས་དེའི་5%ཡི་ཚད་གཞི་གཞིར་བཟུང་རིན་ཐང་འཕར་མའི་ཁྲལ་བསྡུ་རྒྱུ། སྒེར་གྱིས་ཉོས་ནས་ལོ་2ཡན་(ལོ་2ཚུད)སོང་བའི་སྤྱིར་བཏང་གི་སྡོད་ཁང་ཕྱིར་ཚོང་བྱས་ཚེ་རིན་ཐང་འཕར་མའི་ཁྲལ་བསྡུ་རྒྱུ་མིན་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།