འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་བོད་རིགས་ས་ཁུལ་དུ“སློབ་གསོའི་འཛིན་ཤོག”སྤྲོད་རྒྱུར་སྐུལ་མ་བཏང་སྟེ་
    བུ་བཅོལ་ཁང་གི་བྱིས་པ་གསོ་སྐྱོང་དང་སློབ་གསོའི་འགྲོ་གྲོན་
    ཕྱོགས་ཡོངས་ནས་ཁ་གསབ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀན་སུའུ་ཡིས་སློབ་ཞུགས་གོང་གི་བྱིས་པ་གསོ་སྐྱོང་དང་སློབ་གསོའི་ཐད་མཁོ་བའི་ཁ་གསབ་སྒོར་དུང་ཕྱུར་9.18ཚང་མ་སྤྲད་པ་དང་འབྲེལ“སློབ་གསོའི་འཛིན་ཤོག”གི་རྣམ་པའི་ཐོག་ནས་སློབ་ལོ་ལོན་པའི་བྱིས་པའི་ཁྱིམ་བདག་ལ་སྤྲོད་རྒྱུར་སྐུལ་མ་བཏང་སྟེ་ཁྱིམ་བདག་གིས་རང་མོས་ངང་བུ་བཅོལ་ཁང་བདམ་ག་བྱེད་ཆོག
         ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་སྡུད་ཡུག་འབྲེལ་གྱི་དབུལ་པོའི་རྫོང་58ཡི་དབུལ་པོའི་དུད་ཚང་ལ་ཡིག་ཚགས་དང་གཱ་བཟོས་པའི་ནང་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ་ཁྲི་6.57ལ་མི་རེར་ལོ་རེར་ཁ་གསབ་དངུལ་སྒོར་1000སླར་ཡང་མང་དུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།