འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྱོངས་རྒྱས་རྫོང་གིས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འཕྱོངས་རྒྱས་རྫོང་གིས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ།
         དཔྱིད་དཔལ་ཤར་ནས་ས་བཅུད་རྒྱས་པ་དང་བསྟུན་ནས། ཉེ་སྔོན་འཕྱོངས་རྒྱས་རྫོང་གིས་རྫོང་དེའི་ལས་བྱེད་ལས་བཟོ་པ་དང་། རྒན་ཡོལ་ལས་བྱེད་པ་རྒན་གྲས། བཅའ་སྡོད་དམག་དཔུང་སོགས་ཀྱི་མི་གྲངས་300ལྷག་སྒྲིག་འཛུགས་བྱས་ཏེ་གཟའ་མཇུག་གི་ངལ་གསོའི་དུས་ཚོད་བེད་སྤྱད་དེ་འཕྱོངས་རྒྱས་ཆུ་འགྲམ་དུ་འོས་འགན་གྱི་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད། ཉིན་དེར་རྫོང་ཡོངས་ཀྱིས་འོས་འགན་ཤིང་འཛུགས་ཀྱི་རྒྱ་ཁྱོན་བསྡོམས་པས་མུའུ་250ལྷག་ཟིན་པ་རེད། རྫོང་དེའི་ནགས་ལས་འགན་ཁུར་པས་གསར་འགོད་པར་རྫོང་ཡོངས་ཀྱིས་ཟླ་བ་གཅིག་གི་དུས་ཚོད་ནང་དུ་ཕྱོགས་ཡོངས་ནས་ཤིང་འཛུགས་ནག་བཟོའི་ལས་དོན་སྤེལ་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན་ལོ་ཧྲིལ་པོར་ཤིང་འཛུགས་ནགས་བཟོ་མུའུ་1600བྱེད་རྒྱུ་ཡིན་པ་དང་། ལོ་སྔོན་མར་ཤིང་འཛུགས་ནགས་བཟོ་བྱས་པའི་རྨང་གཞིའི་སྟེང་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།