འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལྷ་ས་དང་ཉིང་ཁྲིར་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྔོན་ལ་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར། བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གཉིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་གསར་གཏོད་འཆར་འགོད་ཁག་དང་པོའི་ནང་དངོས་སུ་བཅུག་པ་དང་། འདི་ལོ་ནས་བཟུང་། བོད་ལྗོངས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་མགྱོགས་སུ་བཏང་ནས་ས་ཁོངས་ཧྲིལ་པོ་མཛེས་ལྗོངས་ཅན་དུ་འགྱུར་བ་དང་། མཛེས་ལྗོངས་ཁུལ་ཕྱི་ནང་གི་ཁོར་ཡུག་གཞི་གཅིག་ཅན་དུ་འགྱུར་བ། ཡུལ་སྐོར“སྒེར་གྱི་དགོས་མཁོར་གཞིགས་ནས་གཉེར་བ”བཅས་རིམ་བཞིན་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
         བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སར་རིག་གནས་ཀྱི་ནང་དོན་ཟབ་ལ་རང་བྱུང་དང་མིའི་རིགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བོད་དུ་ཡུལ་སྐོར་དུ་ཡོང་བའི་དམིགས་ས་གལ་ཆེན་ཞིག་རེད། “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་པའི་ཉིང་ཁྲིས་གདོད་མའི་ནགས་ཚལ་དང་འཁྱགས་རོམ་དང་རྦབ་ཆུར་བརྟེན་པས། བོད་ཀྱི་སྣོད་བཅུད་ཡུལ་སྐོར་གྱི་ས་ཚིགས་གལ་ཆེན་གྱི་མདུན་གྲལ་དུ་སླེབས་ཡོད།
         ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་བྱ་སྤྱོད་སྤེལ་འགོ་བཙུགས་ཡོད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་སྐར་མ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ལྷ་ས་དང་ཉིང་ཁྲིས་སྔོན་ལ་ཚོད་ལྟ་བྱས་ནས་ཡུལ་སྐོར་ལས་དོན་ཁང་ལ་ཞིབ་བཤེར་ཆོག་མཆན་གྱི་དབང་ཆ་གཤམ་སྤྲོད་བྱ་རྒྱུ་དང་ཆབས་ཅིག་མཛད་སྤྱོད་ཐད་ཀྱི་གླེང་མང་ས་སྐྱེད་སྲིང་ཧུར་ཐག་བྱས་ནས་གྲོང་གསེབ་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། ཁང་འཁོར་ཡུལ་སྐོར་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་སྔར་བས་གཏོད་རྒྱུ་རེད།
         གཞན་ཡང་། བོད་ལྗོངས་ཀྱིས་ད་དུང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་རོགས་སྐྱོབ་མ་ལག་འཛུགས་སྐྱོང་སྔར་བས་ལག་བསྟར་མགྱོགས་པོ་བྱས་ཏེ“ཡུལ་སྐོར་དང་དྲ་སྦྲེལ་ཟུང་དུ་འབྲེལ་བ”དང“ཡུལ་སྐོར་དང་རིག་གནས་འཕེལ་རྒྱས་ཟུང་དུ་འབྲེལ་བ”“ཡུལ་སྐོར་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཟུང་དུ་འབྲེལ་བ”བཅས་སོ་སོར་སྐུལ་འདེད་གཏོང་བ་དང“སྒེར་གྱི་དགོས་མཁོར་གཞིགས་ནས་གཉེར་རྒྱུ”རིམ་བཞིན་མངོན་འགྱུར་ཡོང་བ་བྱས་ནས་མཛད་སྤྱོད་ཚོགས་པ་མི་འདྲ་བའི་ཡུལ་སྐོར་གྱི་དགོས་མཁོ་སྐོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།