འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གསུམ་པའི་འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་ཏེ་ཧ་རུ་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་21ཉིན་སྐབས་གསུམ་པའི་འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་ཁ་ཐར་གྱི་རྒྱལ་ས་ཏེ་ཧ་རུ་གྲོལ་ཞིང་། ཚོགས་ཞུགས་མི་སྣ་ཚོས་སྨྱན་སྦྱོར་གསར་པའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དང་སྨྱན་སྦྱོར་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཐད་ཐུན་མོང་ཐོག་ངོས་འཛིན་གཅིག་མཐུན་བྱུང་ཡོད།
         དུས་ཡུན་ཉིན་གཉིས་ཡིན་པའི་སྐབས་འདིའི་འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“གསར་འགྱུར་དང་གསར་འགྱུར་སྒྲིག་གཞིའི་འབྱུང་འགྱུར”ཞེས་པ་དེ་ཡིན། ཉིན་གཉིས་ནང་རྒྱལ་ཁབ་དང་ས་ཁུལ་100ནས་ཡོང་བའི་སྨྱན་སྦྱོར་སྒྲིག་གཞིའི་འགན་ཁུར་བའམ་ཡང་ན་འཐུས་མི་350ཡིས“ལག་རྩལ་གསར་པས་གསར་འགྱུར་འཕྲིན་སྤེལ་ལ་ཐེབས་པའི་ཤུགས་རྐྱེན་སྐོར”དང་། “གསར་འགྱུར་སྒྲིག་གཞི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས”“གསར་འགྱུར་ལྟ་ཉན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ”སོགས་ཀྱི་བརྗོད་གཞིར་དམིགས་ནས་མིག་སྔར་སྨྱན་སྦྱོར་སྒྲིག་གཞིར་འཕྲད་པའི་འགྲན་སློང་གལ་ཆེན་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
         ཚོགས་འདུའི་ཐོག་《འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་ཀྱི་ཏེ་ཧའི་གསལ་བསྒྲགས་》གྲོས་འཆམ་བྱུང་ཞིང་། གསལ་བསྒྲགས་ནང་ཆ་འཕྲིན་དུས་རབས་ཀྱི་ལག་རྩལ་གསར་པའི་འཕེལ་རྒྱས་ལ་ཕྱོགས་ནས་གསར་འགྱུར་སྒྲིག་གཞིའི་དབར་སྤེལ་རེས་ལ་ཤུགས་སྣོན་དང་། ཉམས་མྱོང་མཉམ་སྤྱོད། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔེ་ལྟ་བ། མཉམ་ལས་གཉིས་ཕན་བཅས་ལ་སྐུལ་ལྕག་བྱེད་དགོས་པ་དང་འབྲེལ་གོ་ལ་ཧྲིལ་པོའི་སྨྱན་སྦྱོར་རིགས་སྣ་ཚོགས་ཀྱི་གསར་འགྱུར་སྒྲིག་གཞི་འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུའི་ངོས་འཛིན་བྱས་པ་རེད།
         གསལ་བསྒྲགས་ནང་གསར་འགྱུར་ལས་རིགས་ཀྱི་གསར་གཏོད་ལ་སྐུལ་ལྕག་བྱ་ཆེད། འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་གསར་འགྱུར་བྱ་དགའ་མུ་མཐུད་སྤྲོད་རྒྱུ་དང་འབྲེལ་བྱ་དགའི་རིགས་མང་དུ་གཏོང་བ་དང་ཆབས་ཅིག་དབུ་ཚོགས་ཀྱིས་མུ་མཐུད་ནས་གསར་འགྱུར་གྱི་གསར་འགོད་པར་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་བྱེད་སྒོ་གཉེར་ནས་གསར་འགྱུར་རྩོམ་འབྲི་དང་། ཁོར་ཡུག་ཞན་པོའི་འོག་གི་བདེ་འཇགས་སྲུང་སྐྱོང་། གསར་འགོད་པས་དབང་ཆ་དང་འགན་འཁྲིར་ངོས་འཛིན་མཐོ་རུ་གཏོང་རྒྱུ་སོགས་ཚུད་ཡོད།
         འཛམ་གླིང་གི་སྨྱན་སྦྱོར་དབུ་ཚོགས་དེ་ཤིན་ཧྭ་གསར་འགྱུར་ཁང་དང་། ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་གསར་འགྱུར་ཁང་། དབྱིན་ཇིའི་རླུང་འཕྲིན་ཀུང་སི། ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་། ཐུན་མོང་གསར་འགྱུར་ཁང་། གསར་འགྱུར་ཚོགས་པ། ལུའུ་ཐའོ་གསར་འགྱུར་ཁང་། ཀུའུ་ཀེ་དང་དུས་རབས་ཧྭ་ནེ་ཐེ་ན་རླུང་འཕྲིན་ཚོགས་པ་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།