འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཚོགས་པས་ཨ་ཧྥེ་རི་ཁའི་མཚེའུ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཐད་མ་དངུལ་
    གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ལིའུ་ཅེ་དབྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་མཚེའུ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་རེ་འབོད་གནང་བ་རེད།
         དེ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཚེའུ་ཆེན་པོ་ཁུལ་གྱི་གདོང་ཐུག་སྔོན་འགོག་དང་ཐག་གཅོད་བྱ་རྒྱུའི་སྐོར་ལ་ཡོངས་བསྒྲགས་ཀྱི་རྩོད་གླེང་ཚོགས་འདུ་འཚོགས་ཤིང་། ལིའུ་ཅེ་དབྱིས་གཏམ་བཤད་སྤེལ་སྐབས་མཚེའུ་ཆེན་པོ་ཁུལ་དེ་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་ལྟེ་བར་གནས་པས་ལོ་རྒྱུས་རིག་གནས་ཡུན་རིང་ལྡན་པ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཡིན་ནའང་དུས་ཡུན་རིང་པོའི་ནང་མཚེའུ་ཆེན་པོ་ཁུལ་དུ་དྲག་ཆས་གདོང་ཐུག་ཡང་ཡང་ཐོན་པ་དང་བདེ་འཇགས་དུས་བབ་ཟང་ཟིང་ཆེ་བས་འཕེལ་རྒྱས་འགྲོ་འགོར་བ་དང་མི་ཆོས་ཀྱི་དུས་བབ་ཛ་དྲག་པོ་ཡོད། མཚེའུ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་ས་ཁུལ་དེ་གའི་ཐུན་མོང་གི་ཁེ་ཕན་ནས་འགོ་བཙུགས་ཏེ་དད་སེམས་བརྟན་དུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས་རྩོད་གཞི་དང་གདོང་ཐུག་གི་འབྱུང་རྩ་སེལ་རྒྱུར་གཞོལ་ཐོག་ས་ཁུལ་དེ་ག་ཡུན་རིང་ཞི་བདེ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་རེ་བ་བཏོན་རྒྱུ་ཡིན་ཞེས་གསུངས་པ་རེད།
         ལིའུ་ཅེ་དབྱིས་དབུལ་པོ་དང་འཕེལ་རྒྱས་འགྲོ་གོར་བ་ནི་མཚེའུ་ཆེན་པོ་ཁུལ་དུ་གདོང་ཐུག་རྒྱུན་ཆད་མེད་པར་ཐོན་པའི་རྒྱུ་རྐྱེན་གྱི་གྲས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེའི་རྒྱལ་ཁབ་ཀྱི་ཞིང་ལས་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད། འཕྲིན་གཏོང་། ཡུལ་སྐོར་ལས་རིགས་སོགས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ལས་ཞུགས་མང་དུ་བཏང་ནས་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་མ་བཏང་ནས་ས་ཁུལ་དེའི་རྒྱལ་ཁབ་ཀྱིས་ཞི་བདེའི་ཁེ་ཕན་མཉམ་སྤྱོད་ཐུབ་པ་བྱས་ནས་དཔལ་འབྱོར་དར་རྒྱས་ཡོང་བ་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཨ་ཧྥེ་རི་ཁ་དང་མཉམ་དུ་བཟོ་ལས་ཅན་དང་། ཞིང་ལས་དེང་རབས་ཅན། རྨང་གཞིའི་སྒྲིག་བཀོད། དངུལ་རྩ། ལྗང་མདོག་འཕེལ་རྒྱས། ཉོ་ཚོང་དང་མ་འཇོག་སྟབས་བདེ་ཅན། དབུལ་པོ་ཉུང་གཏོང་དང་དམངས་ལ་ཕན་པ་འདོགས་པ། སྤྱི་པའི་འཕྲོད་བསྟེན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཞི་བདེ་དང་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་ཆེ་གྲས་བཅུའི་ནང་དོན་གཉེར་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཁོང་གིས་མཚེའུ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་ཀྱིས་ཞི་བདེའི་འཕེལ་རིམ་ལ་སྐུལ་མ་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་སྲིད་གཞུང་གི་ཨ་ཧྥེ་རི་ཁའི་ལས་དོན་གྱི་དམིགས་བསལ་སྐུ་ཚབ་ཐེངས་མང་མངགས་ཏེ་ས་ཁུལ་དེའི་རྒྱལ་ཁབ་ཏུ་བསྐྱོད་ནས་འདུམ་འགྲིག་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོང་ཀོའི་(ཅིན་)ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཀྲུང་གོ་ཕྱོགས་ཧུར་ཐག་ཞུགས་ཏེ་ཨ་ཧྥེ་རི་ཁས་ཨ་ཧྥེ་རི་ཁའི་བྱ་ཐབས་ཀྱི་ཐོག་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དེའི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཚེའུ་ཆེན་པོ་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         2013ལོའི་ཟླ་2པར་འབྲེལ་ཡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་《ཁོང་ཀོ་(ཅིན་)དང་མཚེའུ་ཆེན་པོ་ཁུལ་གྱི་ཞི་བདེ་དང་། བདེ་འཇགས། མཉམ་ལས་བཅས་ཀྱི་སྒྲོམ་གཞིའི་ཡིག་ཆར་》མིང་རྟགས་བཀོད་ནས་རང་འགུལ་ངང་རྩོད་གཞི་ཐག་གཅོད་དང་མཉམ་ལས་བྱས་ཏེ་ས་ཁུལ་བདེ་འཇགས་དང་འཕེལ་རྒྱས་ཡོང་རྒྱུའི་ཐད་གོམ་སྟབས་གལ་ཆེན་ཞིག་སྤོ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།