འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སུའུ་ཀེ་ལན་དུ་གཞི་རྒྱ་ཆེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་
    གྱི་རྣམ་གྲངས་ལ་མ་འཇོག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་དབྱིན་ཇིའི་སུའུ་ཀེ་ལན་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཉི་ཀུ་ལ·སི་ཐེ་ཅིན་གྱིས་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གར་ཕྱོགས་བསྡུས་རྣམ་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གསར་སྤེལ་བྱ་རྒྱུ་ཡིན་པ་དང་དེའི་ནང་སྲིད་གཞུང་གི་འགན་ལེན་ཁང་པ་དང་། དྭངས་གཙང་ནུས་རྒྱུ། མྱུར་བགྲོད་ལྕགས་ལམ་དང་རིག་ནུས་གྲོང་ཁྱེར་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཚུད་ཡོད་པ་དང་། གལ་སྲིད་རྣམ་གྲངས་གཉེར་འགོ་ཚུགས་ན་དེར་མ་འཇོག་བསྡོམས་འབོར་དབྱིན་སྒོར་དུང་ཕྱུར་100(ཨ་སྒོར་དུང་ཕྱུར་144དང་མཚུངས་)ཟིན་གྱི་ཡོད་པའི་ཁྱབ་བསྒྲགས་བྱས་པ་རེད།
         སི་ཐེ་ཅིན་གྱིས་དེ་ཉིན་ཀྲུང་གོའི་ཀྲུང་གོ་ལྕགས་ལམ་ཅུས་གསུམ་པའི་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་ཧྥུའུ་(དབྱིན་ཇི་)ཚོགས་པའི་དབར་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་རེད། ཁོང་གིས་སུའུ་ཀེ་ལན་ལ་ནུས་རྒྱུ་དང་། ཚེ་སྲོག་ཚན་རིག དངུལ་རྩའི་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོར་མ་འཇོག་འབོར་ཆེན་བྱེད་པའི་གོ་སྐབས་ཡོད། སུའུ་ཀེ་ལན་སྲིད་གཞུང་གིས་སྔར་ནས་ཕྱོགས་ཁག་གི་མ་འཇོག་ལ་དགའ་བསུ་ཞུ་བ་མ་ཟད། ད་ཐེངས་དྲན་ཐོར་མིང་རྟགས་བཀོད་པ་དེས་ཀྱང་དབྱིན་ཇི་དང་ཀྲུང་གོའི་ཁྱབ་ཁོངས་མང་པོའི་འབྲེལ་བར་ཤུགས་སྣོན་ཐེབས་རྒྱུ་རེད་ཅེས་བརྗོད།
         ཨའེ་ཏིང་པའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཕན་ཤིན་ཁྲུན་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་དང་འབྲེལ་དཔང་པོ་ཡང་གནང་བ་རེད། ཁོང་གིས་ད་ཐེངས་ཀྱི་མཉམ་ལས་དེས་ཀྲུང་གོའི་ཁེ་ལས་ཕྱི་ཕྱོགས་སུ་བསྐྱོད་རྒྱུར་ཕན་པ་ཡོད་ལ་སུའུ་ཀེ་ལན་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུར་ཡང་ཕན་པ་ཡོད་ཅེས་བརྗོད།
         རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་སུའུ་ཀེ་ལན་གྱི་2016ལོའི་འཕེལ་རྒྱས་འཆར་འགོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སུའུ་ཀེ་ལན་སྲིད་གཞུང་གིས་ཉིན་ཤས་གོང་དབྱིན་སྒོར་ཁྲི་5000(ཨ་སྒོར་ཁྲི་7185དང་མཚུངས་)ཟིན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཐེབས་རྩ་འགན་ལེན་རང་བཞིན་གྱི་སྡོད་ཁང་དང་མི་སྒེར་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།