འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ས་ཆ་མང་པོར་དཔྱིད་གྲང་བསྟན་ནས་གངས་བབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་གྱི་གྲོང་མི་མཱ་ལགས་ཀྱིས“གངས་མ་ཆར་ལུས་ཐོག་ཏུ་འབབ་མ་ཐག་འཁྱག་པ་ཆགས་པ་དང་གྲང་རླུང་བསིལ་བསིལ་ལྡང་ནས་མཚན་གཅིག་ལ་དགུན་ཁ་ཆགས་པ་ལྟར་སྣང”ཞེས་བཤད།
         ཚེས་21ཉིན་ནས་བཟུང་མཚོ་སྔོན་གྱི་ས་ཆ་མང་པོར་གངས་བབས་པ་དང་ཞོགས་པ་ཟི་ལིང་གྲོང་ཁུལ་དུ་འགྲོ་འོང་བྱེད་མཁན་གྲོང་མི་ཚོས་དགུན་ཆས་གྱོན་ནས་ཁ་རས་དང་། ཁ་དཀྲིས། ཞྭ་མོ་སོགས་གྱོན་པ་མ་ཟད། ད་དུང་ཁག་གཅིག་གིས་ལག་པས་ཁ་དང་སྣ་སོགས་བཀབ་ནས་སྐྱོད་ཀྱི་འདུག ཕྱི་དྲོ་གངས་བཞུར་སྐབས་གྲོང་ཁུལ་གྱི་ལམ་དུམ་བུ་ཁག་གཅིག་གི་འཁྱིལ་ཆུ་རྐང་པའི་རྐང་ཚིགས་བར་སླེབས་ཀྱི་ཡོད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་རྒྱུན་གཏན་གྱི་དཔྱིད་གྲང་ཞེས་པ་དེ་ཡིན་པ་དང་བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོ་དང་ལྷོ་ནུབ་ཀྱི་རླན་གཤེར་དྲོ་མོའི་ཤུགས་རྐྱེན་ཕོག་པ་ལས་ཚེས་21ཉིན་མཚོ་སྔོན་གྱི་ས་ཆ་མང་པོར་གངས་མ་ཆར་བབས་པ་དང་གངས་གསོག་ཐེབས་ཚད་ལི་སྨི་2ཟིན་ནས་སྔོན་རྩིས་ལྟར་གངས་མ་ཆར་བབས་པའི་གནམ་གཤིས་ཚེས་24བར་རྒྱུན་མཐུད་ནས་བསྟན་པ་རེད།
         དེ་གོང་མཚོ་སྔོན་གྱིས་དྲོ་སྐྱིད་ལྡན་པའི་དཔྱིད་དུས་བསུས་པ་དང་ཟི་ལིང་གི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་16ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།