འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་མང་བྲོས་བྱོལ་དུ་སོང་བའི་ལྐོག་ཟའི་ཉེས་གསོག་དོགས་ཅན་ཞིག་འཛིན་བཟུང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་23ཉིན། 08:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལོ་མང་བྲོས་བྱོལ་དུ་སོང་བའི་ལྐོག་ཟའི་ཉེས་གསོག་དོགས་ཅན་ཞིག་འཛིན་བཟུང་བྱས་པ་དང་། ཉེས་གསོག་དོགས་ཅན་དེ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་ཐོབ་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། 2003ལོ་ནས་2005ལོའི་བར་ཉེས་གསོག་དོགས་ཅན་ཧོང་ཧའེ་ཡིས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ལྟེ་གནས་ཀྱི་གཉེར་པའི་འགན་འཁུར་རིང་། གཞུང་དངུལ་སྤྱད་དེ་ཁེ་ཕན་གཉེར་སྐྱོང་བྱས་པའི་དོགས་པ་ཡོད་པ་དང་འབྲེལ་2005ལོར་བྲོས་བྱོལ་དུ་སོང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཧོང་ཧའེ་བྲོས་བྱོལ་དུ་སོང་རྗེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ་བྲོས་འདེད་བྱ་ཤུགས་ཆེ་རུ་བཏང་ཞིང་། མཉམ་འབྲེལ་གྱོད་སྒྲུབ་ཚོགས་ཆུང་གི་ཁོངས་མིས་སྔ་རྗེས་སུ་སི་ཁྲོན་དང་། པེ་ཅིང་། ཅང་སུའུ། ཧྲའན་ཤིས་སོགས་ས་ཆར་ཁུངས་སྣེ་འཚོལ་བར་ཕྱིན་པ་དང་། ཉེ་ཆར་ཧྲའན་ཤིས་ཤིས་ཨན་དུ་ཧོང་ཧའེ་འཛིན་བཟུང་ཐུབ་ཡོད་པ་རེད།
         མིག་སྔར་ཉེས་གསོག་དོགས་ཅན་ཧོང་ཧའེ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་ཐོབ་པ་དང་གྱོད་གཞི་དེ་སྔར་བས་ཞིབ་བཤེར་བྱེད་མུས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།