འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་22ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ཉེ་ཆར་བརྡ་ཁྱབ་བཏང་བའི་2015ལོའི་ལྗོངས་ཡོངས་ཀྱི་རྫོང་(ཆུས)74ཡི་ཁོར་ཡུག་སྲུང་སྐྱོང་ལས་དོན་དཔྱད་ཞིབ་བྱས་འབྲས་ལས་མངོན་པར། ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་རྫོང་(ཆུས)མང་ཆེ་བའི་ཁོར་ཡུག་སྲུང་སྐྱོང་ལས་དོན་རིམ་པ་ཕུལ་བྱུང་དང་ཡག་པོར་སླེབས་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་བརྟན་སྲུང་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཟུང་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་བྱ་ཐབས་》གཞིར་བཟུང་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་དང་། དཔྱད་གཞི་ཞིབ་བཤེར། ས་གནས་ས་ཐོག་ཏུ་ཞིབ་དཔྱད་བསྡུར་བཤེར་སོགས་ཐད་ཀྱི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ་ལྗོངས་ཡོངས་ཀྱི་རྫོང་(ཆུས)ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཁྱོན་ཡོངས་ནས་དཔྱད་ཞིབ་བྱས་ཡོད། དཔྱད་ཞིབ་ལས་མངོན་པར། ལྗོངས་ཡོངས་ཀྱི་རྫོང(ཆུས)མང་ཆེ་བའི་ཁོར་ཡུག་སྲུང་སྐྱོང་ལས་དོན་རིམ་པ་ཕུལ་བྱུང་དང་ཡག་པོར་སླེབས་པ་དེའི་ནང་ཆུ་ཤུར་རྫོང་དང་། རྒྱལ་རྩེ་རྫོང་། གྲོ་མོ་རྫོང་། ལྷོ་བྲག་རྫོང་སོགས་རྫོང་12ཕུལ་བྱུང་ལ་བདམས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《བྱ་ཐབས་》དེས་རྫོང་(ཆུས)ཁག་གི་ཆུའི་སྤུས་ཚད་དང་། མཁའ་རླུང་སྤུས་ཚད། སྦགས་བཙོག་དངོས་པོ་ཕྱིར་འབུད་ཉུང་གཏོང་སོགས་ཚང་མའི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད། གཏན་འབེབས་ནང་ས་ཆ་ཁག་གིས་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་དབྱེ་མཚམས་འབྱེད་དགོས་པ་དང་། རྫོང་ཁག་གི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་ལག་བསྟར་བྱེད་ཚད་100%ཟིན་དགོས་པ། ཆེད་ལས་འགན་འཁུར་མི་སྣས་སྐྲུན་ཟིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་དོ་དམ་བྱེད་དགོས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་དང་། འགྱིག་རྫས་སྦགས་བཙོག སྨན་བཅོས་སྙིགས་རོ་བཅས་གཅིག་སྡུད་གཙང་བཟོ་བྱེད་དགོས་པ་སོགས་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་སླད་ཕྱིན་ཁོར་ཡུག་ཐད་འགན་འཁྲི་རྩད་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“ཚེ་གང་འགན་འཁྲི་བདའ་འདེད”སོགས་དོན་འཁྱོལ་ཏན་ཏིག་བྱས་ནས་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།