འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལའོ་ཨེར་•ཁ་སི་ཐེ་ལུའོ་ཡིས་ཨའོ་པ་མར་མཇལ་འཕྲད་གནང་ནས་ཨ་རིས་ཁུ་པར་བཀག་
    སྡོམ་བྱས་དོན་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་22ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལའོ་ཨེར་•ཁ་སི་ཐེ་ལུའོ་ཡིས་ཨའོ་པ་མར་མཇལ་འཕྲད་གནང་ནས་ཨ་རིས་ཁུ་པར་བཀག་
སྡོམ་བྱས་དོན་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་ཁུ་པ་རྒྱལ་དོན་ཨུ་ལྷན་གྱི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ལའོ་ཨེར་•ཁ་སི་ཐེ་ལུའོ་ཡིས་རྒྱལ་ས་ཧ་ཝ་ན་གྲོང་ཁྱེར་གྱི་གསར་བརྗེ་ཕོ་བྲང་དུ་ཨ་རིའི་ཙུང་ཐུང་ཨའོ་པ་མར་མཇལ་འཕྲད་གནང་བ་དང་། ཨ་རིས་ཁུ་པར་དཔལ་འབྱོར་དང་དངུལ་རྩའི་ཐོག་བཀག་སྡོམ་དང་ཉོ་འཚོང་ཐད་སྐྱེལ་འདྲེན་བཀག་འགོག་བྱས་དོན་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཡང་བསྐྱར་བྱས་པ་རེད།
         མཇལ་འཕྲད་གནང་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག་ལའོ་ཨེར་•ཁ་སི་ཐེ་ལུའོ་ཡིས་ཨའོ་པ་མས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་འབད་བརྩོན་བྱས་པ་ཁས་ལེན་གནང་བ་དང་། ཨ་རི་དང་མཉམ་དུ་ཙེ་ཁཱ་ནད་དུག་འགོག་བཅོས་དང་དུག་རྫས་ཐད་ཁྱི་བྱས་ཉེས་གསོག་པར་རྡུང་རྡེག་གཏོང་བ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་འདོད་ཡོད་ཅེས་བསྟན་པ་དང་། ཁོང་གིས་ཨ་རིས་ཁུ་པ་རྒྱལ་ཁབ་ལ་དམིགས་ནས་དུས་རབས་ཕྱེད་ཀ་རིང་གི་བཀག་སྡོམ་ད་ལྟའི་བར་སྔར་བཞིན་བྱེད་བཞིན་ཡོད། འདི་ནི་ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་བའི་འགལ་རྐྱེན་ཆེས་གཙོ་བོ་ཞིག་རེད་ཅེས་བརྗོད་པ་རེད།
         ལའོ་ཨེར་•ཁ་སི་ཐེ་ལུའོ་ཡིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་བྱེད་ཕྱིར་ཨ་རིས་ངེས་པར་དུ་ཁུ་པར་དམིགས་པའི་དཔལ་འབྱོར་ཐོག་གི་བཀག་སྡོམ་ཕྱིར་འཐེན་བྱེད་དགོས་པ་དང་། ཁྲིམས་འགལ་གྱིས་བཙན་བཟུང་བྱས་པའི་ཀན་ཐ་ན་མོ་རྟེན་གཞི་ཕྱིར་སྤྲོད་བྱེད་དགོས་ཞེས་བསྐྱར་སྒྲོག་བྱས་པ་རེད།
    ཨའོ་པ་མས་གསར་འགོད་པའི་ཚོགས་འདུ་ཐོག་ཁོ་བོར་ཨ་རིས་ཁུ་པར་དམིགས་པའི་བཀག་སྡོམ་མཇུག་བསྒྲིལ་རྒྱུ་ཡིན་པར་ཡིད་ཆེས་ཡོད། འོན་ཏང་ནམ་ཞིག་ལ་མཇུག་བསྒྲིལ་རྒྱུ་སྔོན་དཔག་བྱེད་མི་ཐུབ་ཅེས་བརྗོད་པ་དང་། ཨའོ་པ་མས་རྒྱལ་ཁབ་གཉིས་ཀྱི་བར་དུ་ཕྱོགས་འགལ་མང་པོ་མཆིས་མོད། འོན་ཀྱང་ཁོ་རང་ལ་རྒྱལ་ཁབ་གཉིས་ཀྱིས"དགེ་མཚན་ལྡན་པའི་གླེང་མོལ"བྱེད་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན་པ་རེད།
         1959ལོར་ཁུ་པའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་རྗེས། ཨ་རི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁུ་པ་རྒྱལ་ཁབ་ལ་དགྲར་འཛིན་གྱི་སྤྱོད་ཚུལ་བཟུང་བ་རེད། 1961ལོའི་ཟླ་དང་པོར་ཨ་རིས་ཁུ་པ་དང་འབྲེལ་ཐག་བཅད་པ་ཡོངས་བསྒྲགས་བྱས་པ་དང་། 1962ལོའི་ཟླ་2པར་སྐབས་དེའི་ཨ་རིའི་ཙུང་ཐུང་ཡུའེ་ཧན་•ཁེན་ཉི་ཏི་ཡིས་བཀའ་རྒྱར་མིང་རྟགས་བཀོད་དེ་ཁུ་པ་རྒྱལ་ཁབ་ལ་དཔལ་འབྱོར་དང་དངུལ་རྩའི་ཐོག་གི་བཀག་སྡོམ་དང་ཉོ་འཚོང་ཐད་སྐྱེལ་འདྲེན་བཀག་འགོག་བྱས་པ་རེད།
         ཨ་རིའི་ཙུང་ཐུང་ཨའོ་པ་མ་2016ལོའི་ཟླ་3ཚེས་20ཉིན་ཧ་ཝ་ན་གྲོང་ཁྱེར་དུ་འབྱོར་ཏེ་ཁུ་པ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་འདི་ནི་སྤྱི་ལོ་1928ལོ་ནས་བཟུང་ཁུ་པ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མཁན་ཨ་རིའི་ལས་ཐོག་ཙུང་ཐུང་ཐོག་མར་གྱུར་པ་རེད།
         2009ལོར་ཨའོ་པ་མ་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་རྗེས་ཨ་རི་དང་ཁུ་པ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ཞིང་། 2014ལོའི་ཟླ་12པར་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བའི་འཕེལ་རིམ་སླར་གསོ་བྱེད་འགོ་འཛུགས་རྒྱུ་ཡོངས་བསྒྲགས་བྱས་པ་དང་། 2015ལོའི་ཟླ་7པར་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་མ་ཟད། ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཏུ་ཕན་ཚུན་གྱི་གཞུང་ཚབ་ཁང་འཛུགས་རྒྱུའི་ཐག་བཅད་པ་རེད། འོན་ཀྱང་། མིག་སྔའི་བར་དུ་ཨ་རིས་ཁུ་པ་རྒྱལ་ཁབ་ལ་བཀག་སྡོམ་དང་སྐྱེལ་འདྲེན་བཀག་འགོག་བྱས་དོན་ཕྱོགས་ཡོངས་ནས་ཕྱིར་འཐེན་བྱས་མེད་པ་རེད།
    ༄༅།།ལའོ་ཨེར་•ཁ་སི་ཐེ་ལུའོ་ཡིས་ཨའོ་པ་མར་མཇལ་འཕྲད་གནང་ནས་ཨ་རིས་ཁུ་པར་བཀག་
སྡོམ་བྱས་དོན་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།