འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དེང་དུས་ཀྱི་འཛམ་གླིང་ལ་ཀྲུང་གོས་དར་སྤེལ་གཏོང་བའི་རྒྱལ་སྤྱིའི་འབྲེལ་བའི་སྐོར་གྱི་
    འདུ་ཤེས་ཡོད་དགོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྔོན་བྱོན་མཁས་པས“ཞི་མཐུན”ཞེས་པའི་ཐ་སྙད་ཐོག་ནས་མི་དང་མིའི་དབར་དང་རྒྱལ་ཁབ་དང་རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་དོན་དམ་འཚོལ་ཞིབ་བྱས་ཡོད། ཀྲུང་གོས་འཛིན་པའི“ཞི་མཐུན་མཉམ་གནས”དང“གཉིས་ཁེ་གཉིས་ཕན”གྱི་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་བཅོས་སྐྱོང་སྐོར་གྱི་འདུ་ཤེས་ད་ཆ་འཛམ་གླིང་གི་ཁྱབ་ཁོངས་ནང་དར་ཁྱབ་བྱུང་བ་མ་ཟད། ད་དུང་དེས་རང་ཕན་དང་ཁེ་ཕན་གྱི་རིན་ཐང་ལྟ་བ་འཛིན་སྟངས་མེད་པར་བཟོ་བ་དང་འགྲན་རྒོལ་དང་གདོང་གཏུག་ལས་བྱུང་བའི་འགལ་རྐྱེན་སེལ་བཞིན་ཡོད། “དེ་ནི་ཀྲུང་གོའི་འཛམ་གླིང་བཅོས་སྐྱོང་སྐོར་གྱི་འདུ་ཤེས་ལ་གཏིང་ཟབ་ཞིབ་ཚགས་ངང་ཞིབ་འཇུག་དང་ལྟ་ཀློག་བྱེད་འོས་པའི་རྒྱུ་མཚན་ཞིག་རེད”ཅེས་ཨུ་རུ་སུའི་མི་དམངས་མཛའ་གྲོགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས་ཀྲུང་གོའི་ཚོགས་འདུ་གཉིས་མ་འཚོག་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གསུངས་པ་རེད།
         ཀྲུང་གོས་དར་སྤེལ་གཏོང་བའི་རྒྱལ་སྤྱིའི་འབྲེལ་བའི་སྐོར་གྱི་འདུ་ཤེས་སྐོར་གླེང་སྐབས་ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས་དེང་དུས་ཀྱི་འཛམ་གླིང་ཐོག་ས་ཁུལ་དབར་གདོང་གཏུག་རྒྱུན་མི་ཆད་པར་བྱུང་བ་དང་རྣམ་པ་གསར་པའི་ཁེ་ཕན་ཐད་ཀྱི་འཁྲུག་རྩོད་རྒྱུན་མི་ཆད་པར་བྱུང་ནས་རྒྱལ་ཁབ་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆུང་དུ་འགྲོ་གི་ཡོད། དེས་ན་འཛམ་གླིང་ལ་ཉིན་བཞིན་སྟོབས་ཆེར་འགྲོ་བའི་ཀྲུང་གོས་གཞི་སྒྱུར་རྩ་སྒྱུར་བྱ་རྒྱུའི་སྐད་སྒྲ་སྒྲོག་དགོས་ཀྱི་ཡོད། ཕུལ་དུ་བྱུང་བའི་ཕྱི་འབྲེལ་མཁས་པ་ཚོས་ཀྲུང་གོས་དར་སྤེལ་གཏོང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔར་བརྩི་སྲུང་ཞུ་སྲིད། ཤར་ཕྱོགས་ཀྱི་ཀུན་སྤྱོད་ཚད་གཞི་དང་རིན་ཐང་གི་འདུ་ཤེས་ལ་རྒྱལ་སྤྱིའི་སྒྲིག་ལམ་ནང་མེ་ཏོག་བཞད་ནས་འབྲས་བུ་སྨིན་རྒྱུ་རེད་ཅེས་གསུངས་པ་རེད།
         ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས་ཀྲུང་གོས་བཏོན་པའི“མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད”བཅས་ཀྱི་བསམ་གཞི་དེའི་སྲོག་ཤིང་ནི་དྲང་སྙོམས་ལུགས་མཐུན་གྱི་རྒྱལ་སྤྱིའི་འབྲེལ་བ་འཛུགས་རྒྱུ་དེ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ནང་རྩ་དོན་དེ་དག་དོན་འཁྱོལ་བྱེད་ཆེད་ཀྲུང་གོས“ཚད་རྒྱུག”ལྟ་བུའི་འགན་ཁུར་ཕོད་པར་བྱས་པའི་ངོས་འཛིན་གནང་བ་རེད།
         ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས་ཀྲུང་གོས“བདེན་ཁེ་མཉམ་སྐྱོང་། དྲང་བདེན་སྔོན་སྐྱོང”གི་འདོད་ཚུལ་བསྟན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ནས་ཐོན་རྫས་ནང་འདྲེན་བྱས་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་བཟོ་ལས་དང་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ། ཨ་ཧྥེ་རི་ཁའི་སློབ་མར་ཀྲུང་གོའི་རྩེར་སོན་སློབ་ཆེན་གྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་མི་གྲངས་མཁོ་འདོན་བྱས་ཡོད། ཀྲུང་གོས་མཐའ་འཁོར་ཕྱི་འབྲེལ་གྱི་བསམ་གཞི་ཁྱབ་གདལ་བཏང་སྟེ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་ཞིང་ལས་ཆུ་བེད་རྣམ་གྲངས་དང་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་རིང་ལ་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་ཞིག་མཐའ་འཁྱོངས་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་ཀྱི་མྱུར་བགྲོད་གཞུང་ལམ་དང་། ལྕགས་ལམ། གྲུ་ཁ་བཅས་འཛུགས་སྐྲུན་གྱི་རྣམ་གྲངས་རིམ་བཞིན་ལས་འགོ་བཙུགས་ཡོད་ཅེས་གསུངས་པ་རེད།
         ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི“མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད”བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་རྒྱུའི་རྒྱུན་མཐུད་པ་དང་འཕེལ་རྒྱས་གཏོང་བ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
         ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས་ན་ནིང་ཟླ་བཅུ་གཉིས་པར་རང་ཉིད“རྒྱུད་གཅིག་ལམ་གཅིག”གི་ཚིགས་ལྟ་བུ་ཡིན་པའི་གྲོང་ཁྱེར་ལན་ཡུན་གྲུ་ཁ་དང་ཀྲེང་ཀྲོའུ་རུ་བསྐྱོད་པ་ཡིན། ཀྲེང་ཀྲོའུ་ནས་དོས་སྒམ་བྱུར་བུར་བླུག་པའི་མེ་འཁོར་གཏོང་འགོ་ཚུགས་པ་མཐོང་བྱུང་། ལམ་བར་དུ་ཧ་སག་སི་ཐན་དུ་འབྱོར་རྒྱུ་དང་དེ་ནས་འཇར་མན་གྱི་ཧན་པོ་ཕྱོགས་སུ་བསྐྱོད་རྒྱུ་རེད། ལན་ཡུན་གྲུ་ཁ་ནས་དངོས་ཟོག་ཨེ་ཡོ་སྐམ་སའི་ཟམ་ཆེན་གསར་པ་བརྒྱུད་ཧོ་ལན་གྱི་ལུའུ་ཐེ་ཏན་གྲུ་ཁར་འབྱོར་རྒྱུ་རེད་ཅེས་གསུངས་པ་རེད།
         ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས“རྒྱུད་གཅིག་ལམ་གཅིག”ལ་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་ཡོད། དེས་ལམ་རྒྱུད་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རོགས་བྱེད་ཐུབ་པ་དང་། ཚོང་དོན་གྲངས་འབོར་ཆེ་རུ་གཏོང་ཐུབ་པ། ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ། ལས་ཞུགས་ལས་གནས་གསར་པ་ཁྲི་བརྒྱ་གྲངས་གཏོད་ཐུབ་པ་མ་ཟད། ད་དུང་མཐར་གྲོང་མིའི་འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་གཏོང་ཐུབ། དེ་བས་གལ་ཆེ་བ་ཞིག་ནི“རྒྱུད་གཅིག་ལམ་གཅིག”ལས་ས་ཁུལ་གྱི་མི་དམངས་ཁམས་བཟང་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་རྒྱུ་རེད་ལ་ས་ཁུལ་དབར་གདོང་གཏུག་བྱུང་སྲིད་པའི་ཉེན་ཁ་ཇེ་ཆུང་དུ་འགྲོ་རྒྱུའང་རེད་ཅེས་གསུངས་པ་རེད།
         ཐ་ཕུའུ་ལོ་ཕུའུ་སི་ཅི་ཡིས་ཀྲུང་གོའི་གྲོས་འགོ་ཚང་མ་བཙན་སྐུལ་རང་བཞིན་གྱི་གྲོས་འགོ་མིན་པར་རྒྱལ་ཁབ་གཞན་དག་ཚང་མས་རང་འགུལ་ངང་ཞུགས་ན་ཆོག དེ་ཐོག་ནས་ཀྲུང་གོས་དར་སྤེལ་གཏོང་བ་ནི“སྔར་བས་དྲང་བདེན་དང་ལུགས་མཐུན་གྱི་རྒྱལ་སྤྱི་བཅོས་སྐྱོང་བྱེད་སྟངས”ཞིག་ཡིན་པ་མངོན་གྱི་ཡོད་ཅེས་ནན་གྱིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།